དཀར་ཡོལ་སྨུག་པོའི་ཕྱི་ནང་།

འཇིགས་སྣང་གི་གཏམ་རྒྱུད་ཀྱི་བར་གསེང་ནས་ཕྱི་རུ་ཐོན་པའི་སློང་མོ་བ
སུ་ཞིག་གིས་མི་མཐོང་སར་རྐུན་ཇག་བཞིན
གློག་ཞག་གི་བུ་ག་རུ་འཇབ་གྱིན་འདུག་ལ
འཇིག་རྟེན་གཞན་ཞིག་ལས་ལྗོངས་རྒྱུར་ཕེབས་པའི་གྲི་ཐོག་པ་སྟེ
དཀར་ཡོལ་སྨྲུག་པོ་རུ་དེ་བས་རྔམ་གྱིན་འདུག་ཀྱང
སློང་མོ་བ་ལྗོངས་རྒྱུ་བའི་པར་ཆས་སུ་མོག་མོག་གི་གཟུགས་རས་ཧྲུ་བོ་ཞིག་ཏུ་གྲུབ །
 
ད་དུང་ཡུལ་སྐོར་བ་བྱ་ཚང་ནང་དུ་སྦྲུལ་ཐོན་པ་ལྟར་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང
སྐབས་དེར་ཁོ་ནི་སྐད་བརྡ་ངན་ངོན་ཞིག་སྙིང་ལ་ཐུམ་པས་
སྨྱོན་པ་ཞིག་གི་ཕུང་པོ་འགྲུབ་ལ་ཉེ །
 
རྒྱ་མཁར་ལ་ཕྱི་དྲན་མེད་པའི་ལྷ་གཉིད་ལོག་པ་བཞིན་གླུ་སྒྲ་ཁོ་ན་སྒྲོག་སྟེ
མཁའ་གསང་གི་རྐང་གླིང་ལ་རྣ་བ་གླེགས་དུས
ལག་རྟེན་ཆག་ཟིན་པའི་སློང་མོ་བ་ནི་acdཞེས་པ་རུ་བརྫུས་ནས
སྐར་མདའ་ཕྲ་བུ་ལས་གསང་བ་དེ་ཕྱི་རུ་ཕུད།
 
དེ་ནི་བདག་གཉེར་མ་ཐུབ་པ་ཞིག་གི་ཡོད་ཚད་ཀྱི་རྫོགས་ཚིག་དེ་འབྲི་མགོ་རྩམ་པ་རེད
བདག་གཉེར་བ་དེ་གོམ་སྲོལ་ནད་པ་ཞིག་གི་ལམ་ཁ་རུ་འགྱེད་ལ་ཁར
འགྲོ་འདོད་ཀྱིས་རྟ་ཕོ་ལྕག་གིས་སྐུལ
མིག་ཟུང་གིས་ལོ་མར་བསྐྱེམ་ཆང་ཕུལ
རྣམ་ཤེས་ཀྱི་རྫི་གྲོ་བོར་ལ་ཉེ
རླུང་ལྷ་ལ་མཆོད་འབུལ་གཏོང་ལ་ཁད
ད་དུང་གསལ་མ་ཐེབ་པའི་མདོ་ལ་རིང་མོ་ལྷ་སྐུ་ཁེར་རྐྱང་ཞིག་སྒོམ་བཞིན་ཡོད  །
 
སྦྱོར་བ་མི་དགོས་པར་བདེ་དྲོད་སྐྲུན་མཁན་ཞིག
འོད་ཐིག་འཇམ་པོ་དག་གི་མངལ་སྒོ་ལས་ཆང་དཀར་ལ་རོལ་བཞིན་ཐོན
དོན་ངོ་མ་ཁོ་ནི་རང་སྲོག་གཅོད་མཁན་དག་གི་མགོན་སྐྱབས་ཏེ
འཕགས་པ་སྤྱན་གཟིགས་གཉིས་པ་ཞིག་རེད །
 
ཁོང་ལ་དཀར་ཡོལ་ནག་པོ་དེའི་དྲི་བསུངས་ཕོགས་པས
སྨྲ་བ་བཅད་དེ་གཤིན་རྒྱལ་གྱི་ཐུགས་གར་ཐུམ་ཀྱང
ཕྱི་གླིང་བའི་རོལ་དབྱངས་ཀྱིས་སྤྱན་འདྲེན་དང་བཞུགས་གསོལ་མཛད་དོ །
 
སྐབས་དེར་ཤོག་ཧྲིལ་དག་གི་ཉིན་སྲིབ་ནས
གོར་ཐིག་ཏག་ཏག་ལ་འཁྲེང་སེམས་ཁུར་ཏེ
བདག་གི་ངོ་གདོང་དུ་སྨྲ་མི་ཤེས་པའི་་་་་་་་་་ །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀར་ཡོལ་སྨུག་པོའི་ཕྱི་ནང་།

2012-09-15 སོག་དུག་སྦྲང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།