ཞིང་གྲོང་གི་སྙན་ངག་ཁག་བདུན།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-11

            གྱེས་བྲལ
འཆར་ནུབ་ཀྱི་ཆགས་འཇུག་ཡང་ཡང་བྱུང་ནའང
དམར་མདོག་གི་ཕ་བོང    གང་གིས་ཀྱང་སྒུལ་བ་མེད་པར
ཉི་འོད་ལ་བལྟས་ཏེ་དབུགས་དབྱུངས་ཐོབ་ཡོད

ཆུ་ཁ་ན་གཡེང་བའི་འཁྱགས་རིས་ཟླུམ་པོ་ཞིག་དགོས་ཟེར
མཚོ་ཞབས་ཀྱི་བྲག་རིས་ཚལ་བུ་ཞིག་དགོས་ཟེར
རྩ་བ་གཅིག་ལ་ཡན་ལག་གཉིས་སུ་གྱེས་ན
བྱེའུ་ཆུང་གང་ཞིག་ཏུ་འབབ་དགོས་མ་ཤེས

བསྐྱར་བཤད་ནི་ཀློའུ་བཤད་དུ་འཇུག་ཀྱང
མཚམས་རེར་དགོས་དབང་གིས་ནན་ཏན་ཏུ་འཇུག་སྲིད་པས
གསལ་ཐག་ཆོད་པའི་གབ་ལན་ལ་ངང་སྒུག་ཅི་ལྟར་བགྱིས་ཀྱང

ཉི་ཟེར་དེ་སྤྲིན་ནག་གིས་འགམ་ཚུལ་ལ་བལྟས་ན
དགུ་ཆུ་དེ་དམར་མདོག་གིས་བཞུར་ཚུལ་ལ་གཞིགས་ན
སོམ་ཉི་དེ་སོམ་ཉིའི་མཐའ་རུ་བགྲོད་ཀྱང
མཇུག་མཐར་ལམ་ཕྲན་ནག་པོ་ཞིག་གི་རྐ་སྲུབ་ཏུ་བརྫངས་ཡོད་པ་ཚོར
                   2012.08.12རེབ་གོང་ཁྱིམ་གཞི་ནས།

          བྱིས་དུས་ཀྱི་འཚོ་བ་དྲན་པ།
ང་གློ་བུར་དུ་ཇེ་ཆེར་གྱུར་བ་ཡིན་ནམ
རང་མལ་དུ་སྙེགས་སའི་གཞུང་ལམ་ནས་ཤོང་ཐབས་མ་བྱུང་བས
ངའི་སེམས་ཀྱི་ནམ་མཁའ་ཇེ་ཆེར་བཏང་སྟེ
མགོ་བོ་དང་ལུས་པོ་ཁབ་ཉག་ཏུ་བསྒྱུར་དགོས་སོང

ངའི་རྐང་བ་སྲུབ་ཀ་ཆུང་ཆུང་ཞིག་ཏུ་སྤོས་ཞོར
གནའ་སྔ་མོའི་བྱིས་དུས་ཀྱི་རྩེད་ར་ཞིག་དྲན
རྩེད་ར་དེ་མུ་མཐའ་མེད་པས
བདའ་མ་བདའ་རེས་བྱས་ཀྱང་རྒྱུགས་ས་ཏག་ཏག་ཡིན
བྱིས་པ་མོད་པོ་འཛོམས་ཀྱང་འཚོགས་ས་ཏག་ཏག་ཡིན

མཁར་གྱང་སོ་མ་དེ་ནི་ནག་རོག་རོག་གིས་མངོན་ཡོད་མོད
གྱང་རྒྱུགས་ཀྱི་རྗེས་ཤུལ་རེ་རེ་རུ
སྙིང་རྗེ་བའི་བྱིས་པ་ཚོའི་རྐང་རྗེན་གཅིར་ནས་འདུག
           2012.08.17རེབ་གོང་བྱང་ཆུབ་ནས།

         ཁང་བ་ནག་པོ།
གཏུམ་ཤིང་ལ་དྲས་གཏུབ་མི་འདུག
ཀ་ཤོག་ལ་ཚད་གཞི་མི་འདུག
ཡོད་ཚད་ཇི་བསམ་གྱིས་སྤུངས་ནས་འདུག་པས
ཁང་བ་ནག་པོའི་མུན་ནག་གི་ལོ་རྒྱུས་རྟོགས་བྱུང

ཁ་རླངས་ཀྱི་བརླན་གཤེར་གྱིས་སྔོ་དྲག་ཏུ་ཕབས
ས་སྨུག་གི་ཐལ་རྡུལ་གྱིས་འདམ་བག་ཏུ་བསྒྱུར
དུ་སྤྲིན་ཅིག་འཕྱུར་རྗེས
ཕྱི་ནང་གི་སྲེག་བར་ནས་ཐིག་ཆུ་ནག་པོ་ཟེགས

ལོ་ངོ་སུམ་ཅུ་འགོར་སོང་ནའང
ཁྱེད་ཀྱིས་གདོད་མའི་བརྟུལ་ཞུགས་བཟུང་སྟེ
དུས་གསར་གྱི་གར་སྟེགས་སུ་སྐྱ་བོང་བོང་གིས་འགྲེང་བས
ཁ་ལ་འོག་ན་གཏམ་གཉིས་རེ་བཤད་ཀྱིན་འདུག

སྐྱོ་བ་མ་བཞེས
ཁེར་རྐྱང་དེ་ཡིན་པ་སྐྱོ་བ་མ་བཞེས
ལས་བཀོད་ཀྱིས་འུ་ཚོ་འཛོམས་པོར་གཏོང་དུས་ཤིག་ལ
ཞོག་ཁོག་མངར་མོས་ཚོད་མ་ཁོན་དོ་བཅའ་ཁོ་ཐག་ཡིན
          2012.08.17རེབ་གོང་བྱང་ཆུབ་ནས།

       ངའི་ཨ་མས་ཆུ་འཐུང་གིན་ཡོད།
ངའི་ཨ་མས་ཆུ་འཐུང་གིན་ཡོད
ཆུ་རྒྱག་རྩིག་འཐུང་གིན་ཡོད
ཆུ་འཐུང་གིན་མེད་ཅེས་ངའི་ཨ་མས་སུ་ལའང་བཤད་མ་མྱོང
བཤད་ཀྱང་མི་སྲིད

ད་ནི་ངའི་ཨ་མ་དགུང་ལོ་དྲུག་ཅུར་བུད་ཡོད
དགུང་ལོ་དྲུག་ཅུ་ནི
སྒྲིག་ཁྲིམས་ཀྱི་སོ་ཁ་ལས་ཐར་བའི་ཐུན་མོང་གི་ངལ་གསོ་ཞིག་ཡིན་ནའང
ལ་ལས་ངའི་ཨ་མ་ཁོ་ནར་དམིགས་ཏེ
སྒྲིག་ཁྲིམས་མ་ཡིན་པའི་སྒྲིག་ཁྲིམས་བཟོ་ཡི་འདུག

ངའི་ཨ་མ   སྒྲིག་ཁྲིམས་ལ་གཞའ་ཐུབ་མཁན་ཞིག་མིན
ངའི་ཨ་མ   རིན་མེད་ཀྱིས་ཆུ་འཐུང་ཐུབ་མཁན་ཞིག་མིན
ངའི་ཨ་མས   མ་ལས་ན་གཅིག་ཀྱང་མི་ཐོབ་པའི་རྩ་དོན་དེ་ངེས་ཤེས་འདྲོངས་ཡོད
དེ་བས་སྒྲིག་ཁྲིམས་ལྷག་མ་ཞིག་མ་བཟོ
ངའི་ཨ་མ་དགུང་ལོ་དྲུག་ཅུ་ཡིན
          2012.08.17རེབ་གོང་བྱང་ཆུབ་ནས།

         སྨིན་པའི་ལོག་གར་ཆར་དུ་སྦངས་པ་མིན།
ལོག་གར་ཞིང་ཁ་ན་ངུ་བཞིན་འདུག
བདག་པོ་ལ་སྦྲུམ་པའི་ཟས་བཅུད་ཀྱི་འབྲུ་རྡོག་དེ
དུས་ཚོད་ཀྱིས་གཞི་ནས་སྨིན་ཏུ་བཅུག་པས
ཆར་བ་དང་རླུང་ཁ་ན་རང་འཇོག་ཐུབ་ཀྱིན་མེད

བསྟུན་མཁས་ཀྱི་རྩ་དོན་ལྷུར་བླངས་པ་ཡིན་ན
ལོག་གར་ཟིལ་བ་དང་མཉམ་དུ་ངུ་དགོས་དོན་མི་འདུག
བདག་མོ་སྒོ་ཕྱི་ནང་ནས་བསྐོར་རྒྱུགས་བྱེད་དོན་ཡེ་ནས་མི་འདུག

སྟོན་ཁའི་ཆར་བ་ཟམ་ཟིམ་དེ
སྨུག་ཀློང་གི་གསེབ་ནས་ཉིན་མཚན་འགར་བབས་པས
ལོག་གར་གྱི་རྒ་འབུ་བལྟས་བལྟས་རིག་རིག་ལ་མྱགས་རུལ་དུ་གྱུར་སོང

བདག་མོ་ཞིང་ཁར་ཐོན་དུས
ལོག་གར་གྱི་ངུ་མཚམས་ཆད་དེ
ཆེས་མཐའ་མཇུག་གི་སྲོག་རྩ་གཉོམ་པོ
རྩ་སྐྱ་འགའི་ཡུ་བར་རྒྱུ་བ་མཐོང་བས
བདག་མོ་ལོག་གར་གྱི་ཚབ་ཏུ་ངུས་བྱུང
སྟོན་ཁའི་ཆར་བ་བཞིན་ཟམ་ཟིམ་ངུས་བྱུང
         2012.08.17རེབ་གོང་བྱང་ཆུབ་ནས།

        ཞིང་ཆགས་ཀྱི་སེམས་གཞས།
ལོག་གར་ལ་ཤོག་ཐུག་རྒྱག་མཚམས་ནས
བྲེལ་ལས་ཀྱི་དབུགས་ཀ་ལེན་སྟངས་ལས
ཁྱོད་རང་མ་གིའི་སེར་ལམ་མེར་གྱུར་བའི་ཞིང་ཁ་ན་ཡོད་པ་མཐོང་བྱུང

ཞིང་དེ་རྒྱ་མཚོ་བཞིན་ཆེ་ནའང
ཁྱོད་ཀྱི་ལག་པ་དང་ཟོར་བ   དཔུང་སྣེ་ན་གློག་དམར་ལྟར་འཁྱུག་གིན་འདུག
ཁྱོད་ལ་རྔུལ་ཆུ་ཟགས་ཀྱིན་ཡོད་མེད
རྒྱང་ཐག་གིས་མིག་ཟུང་བསྒྲུབས་པས་གསལ་བོ་མི་རིག་ཀྱང

ལས་མྱོང་མཁན་གྱི་ཞིང་འབྲེག་པ་ང་ལྟ་བུའང
འཕོང་མགོ་དང་འཕོང་རྒྱུད་ན་ཟུག་གིས་གས་པར་བྱེད་པས
དགྱེ་སྒུར་ནི་འགུལ་བསྐྱོད་ལས་སེམས་ཁུར་དུ་གྱུར་ཙ་ན
ཁྱོས་ཀྱང་ང་བཞིན་དུ
         2012.08.21རེབ་གོང་བྱང་ཆུབ་ནས།

         བོང་རྫིའི་སྙན་ངག
བསིལ་འཇམ་གྱི་སྤྲིན་དཀར་ལེབ་མོ
ཉི་ཟེར་དྲག་པོའི་མཚོན་ཆ་འགོག་ཏུ་མ་ཡོང་བས
སྐྱེར་བའི་སྲོག་རྩའང་ཉོབ་པོར་བཏང

བོང་གསེབ་ཚོ་ཡང
རྩི་ཐོ་དང་ཚེར་སྡུམ་གྱི་གྲུབ་བསིལ་ལ་ཆགས་པ་ལས
ཧེ་རིང་དང་སྟུག་སྒྲ  མཇེ་མགོར་ཉར་ནས
བོང་མ་ཚོ་སྤྱོད་ཐུབ་པ་མ་བྱུང

འབུ་སྦྲང་དག་འབབ་ས་སྟོང་ཡོད་ཀྱང
ངའི་ཕྲག་པ་དང་མགོ་བོའི་མཐའ་བསྐོར་ནས
ཡང་ཡང་བབས་ཤིང   ཡང་ཡང་ར་ཅོ་འགུལ

བོང་བུ་ཚོ་ཡོངས་སུ་ཐོ་ཐོ་བྱས་ཚར་དུས
ཕྱི་དྲོ་ལ་ཉེ་བྱུང
ཕྱི་དྲོ་ནི་སེམས་ཅན་ལྷོད་ལ་བབས་པའི་དུས་ཚིགས་ཤིག་རེད
           2012.08.28རེབ་གོང་བྱང་ཆུབ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞིང་གྲོང་གི་སྙན་ངག་ཁག་བདུན།

2012-09-11 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།