ཤོག་སྒོར་བཀླགས་པ།
ཁྱོད་ཀྱིས་ང་རང་ཁེར་རྐྱང་དུ་འཕུད་ཀྱིན་འདུག
ཁྱོད་ཀྱིས་མི་ལ་བརྙས་བཅོས་བྱས
ཁྱོད་ཀྱིས་མིའི་རིན་ཐང་དང་མིའི་བརྩེ་དུང་ཡོད་ཚད་རྡུལ་དུ་བརླགས
ཁྱོད་ཀྱིས་མིའི་མཛེས་སྡུག་གི་ངོ་བོ་ཡོད་ཚད་རྡུལ་དུ་བརླགས
ཁྱོད་ཀྱིས་མི་དུད་འགྲོར་བཟོས
ཀྱེ་མ ཁྱེད་རང་མི་ཐེག་པའི་གཟུགས་པོ་འདི་ཐོགས་པ་ནས
མིའི་རིགས་ཀྱིས་ཅི་འདྲའི་བཟོད་དཀའ་བའི་སྡུག་བསྔལ་མང་པོ་ཞིག་མྱང་རྒྱུ་ཡིན་ཨང
མིའི་རིགས་ཀྱིས་ཅི་འདྲའི་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་འཁྲབ་རྒྱུ་ཡིན་ཨང
༢༠༡༢ ༥ ༡༦
རྩོམ་ཁུངས། ངེད་དྲ་བ།