བཞུར་སྟངས་ཤིག
གཙང་བོ་དེ་མཐོ་ས་ནས་དམའ་སར
སྡུག་ཡས་དང་སྐྱོ་གདུང་གིས་མནར་བཞིན
དགུན་གྲང་གི་འཁྱགས་རླུང་གིས
བསྡམས་རག་བར་དུ་བཞུར
གཙང་བོ་བཏུང་འདོད་ཀྱི་སེམས་པ་ཅིག
ཞེ་སྤྲོ་ཡི་ཟོལ་གྱིས་འཚོ་བཞིན
རེ་སྒུག་གི་གཡུལ་ས་ནས
རྨས་ཤི་ཐེབས་རག་བར་དུ་རྒྱང་ལ་འཁྲེང
དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་བ་ཞིག
མིག་ཆུ་ཤོར་དང་མ་ཤོར་བྱས་ནས
ལག་པ་བྲང་ཁར་སྦྱོར་ཙམ་ངང
འཚོ་བ་ཉམས་ཆུང་ཞིག་ཀྱང་རོལ་ཐབས་བྲལ
༢༠༡༢ .༨ .༢༡
རྩོམ་ཁུངས། ངེད་དྲ་བ།