ང་ལ་ཅང་མེད།
ངས་ཕྱུག་པོ་ཞེས་པའི་ཐ་སྙད་ལ་ཨུ་ཚུགས་ཀྱིས་འགྲེལ་བ་རྒྱབ་རྗེས།
མཁས་ཆེན་བརྒྱ་དང་དཔོན་ཆེན་སྟོང་ལ་རང་ཉིད་ཕྱུག་པོ་ཡིན་ཚུལ་ནན་གྱིས་བརྗོད།
ཐ་ན་ལུས་ཀྱི་བ་སྤུ་རེ་རེའང་།བྱུ་རུའི་སྡོང་བོའི་ཡལ་ག་ཡིན་པར་གཏམས།
དེ་རིང་། འཁོར་བ་ཟེར་བའི་མགྲོན་པོ་ཞིག་གིས། ངའི་ཕྱི་ནང་བར་གསུམ་ལ་ལག་སྙོབ་ཡང་ཡང་བྱས། ཁོས་ཅི་ཡང་མ་ཟིན། མིག་ཆུ་འཕོ་སའི་སྣོད་ཞིག་ཀྱང་མ་རྙེད།
དོན་དམ་པར།ང་ནི་རྩྭ་མགོར་ཆགས་པའི་ཟིལ་བ་རྡོག་གཅིག་རེད།
ཉི་འོད་མ་ཕོག་གོང་།ཟླ་འོད་ཀྱིས་སྐམ་འགྲོ་བ་དེ་རེད།
2012/8/29
རྩོམ་ཁུངས། ངེད་དྲ་བ།