རིགས་རྒྱུད་ཅིག་གི་གདུང་འབོད།

ལྷ་ལུང་དཔལ་རྡོར་གྱི་རྣོ་མྱུར་གྱི་དུག་མདའ་དེས།
ཡབ་མེས་དམ་པའི་ཟུངས་ཁྲག་བཅད་ཉིན་ནས།
གདོང་དམར་དཔའ་རྒོད་ཀྱི་མཛད་པ་གསེར་གྱི་ལོ་མ།
ལོ་རྒྱུས་ཀྱི་ཧྲག་བར་ནས་བོར་ཞིང་རླུང་གིས་ཁུར་བ་དེ།
ད་ལྟའང་བྲང་ཁོག་ཏུ་རྡོ་བ་བཞིན་ཇི་འདྲའི་འཇུ་ཐབས་བྲལ་ཨང་།
 
གཞན་འཚེ་སྤངས་པའི་དམ་པ་ཞིག་གི་ལག་ཏུ་མཚོན་ཆ་ཐོགས་པའི་ཉིན་དེ་ནི།
སེང་གེ་དཀར་མོའི་རིགས་རྒྱུད་ཅིག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་དེ།
དམར་བོ་ཁྲག་ལ་འདྲེས་པའི་སྐྱོ་གར་གྱི་མགོ་ཁུངས་མ་ཡིན་ནམ།
 
ལྟོས་དང་། གཏོ་དང་སྐུ་རིམ་གྱིས་ཟློག་པར་མ་ནུས་པའི་ཉི་མ་ནག་པོ་རེ་རེ།
ཡབ་ཡུམ་བོར་བའི་མི་རིགས་ཉམ་ཆུང་ཞིག་གི་མཁའ་ལ་འཕྲོས་བྱུང་།
རི་སྐྱེས་སྲོག་ཆགས།  རྩྭ་རྩི་ཤིང་།  རང་བྱུང་གཏེར་རྫས།
ཡོད་ཚད་ནས་ཡོད་ཚད་གཞན་ལག་ཏུ་ཤོར་བའི་དུས་རབས་འདིར།
ང་ཚོ་ལ་ད་དུང་ཅི་ཞིག་ལྷག་ཡོད་དམ།
 
ཉོན་དང་། ཕྱོགས་བཞི་ལ་མཆེད་པའི་སྐྱོ་འབོད་དང་རྡུང་རྡེག་གི་སྐད་སྒྲས།
བརྟན་བརླིང་གི་ས་འཛིན་གྱི་ཚོགས་ཀྱང་དངངས་སྐྲག་གིས་འདར་བར་བྱེད།
བདུད་རྩི་བསིལ་མ། མཁའ་དབུགས་དྭངས་མོ། གསལ་བྱེད་སུམ་ཅུ།
ཕ་མེས་ཀྱི་ཤུལ་བཞག་བརླག་པར་ཉེ་བའི་འཇིག་རྟེན་གྱི་གྲུ་ཟུར་འདིར།
ང་ཚོས་ད་དུང་རྨི་ལམ་གྱི་ཞིང་ཁམས་ཉུལ་དགོས་སམ།
 
ཀྱེ་ཀྱེ། མགོ་བོ་ཡར་ལ་དགྱེས་དང་ང་ཡི་རིགས་གཅིག་གི་སྤུན་ཟླ།
ཤི་གསོན་གྱི་ཉག་ག་འདི་ནས་སྒྲ་ལྷང་ལྷང་གི་ཀི་རིང་ལན་གསུམ་ཐོབས་དང་།
མུན་ནག་གི་ཡུལ་གྲུ་འདིར་ང་ཚོས་འོད་སྟོང་གི་དཔལ་འབར་དེ་འཆིང་བར་བརྩམ་ཡ།
 
ཏག་ཏག  རྩྭ་སྐྱ་མེ་ཡིས་འཇིག་པ་གཏན་ཚིགས་ཤིག་ཏུ་གྲུབ་ནའང་།
སང་ལོ་སྐྱེ་སྟོབས་ཀྱི་ཁོ་ལག་རྫོགས་པ་སྙིང་སྟོབས་ཤིག་ཏུ་རློམ་ཆོག་ཆོག་ཡིན།
སྐྱེ་འཆི།   དར་རྒུད།   དགའ་སྡུག   འཕེལ་འགྲིབ།
འདི་དག་ནི་མི་ཚེ་གཅིག་ལ་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་རེ་རེ་ཡིན་པས།
ང་ཚོས་བློ་ཕམ་དང་ཡིད་ཆད། ཕྱི་བཤོལ་བྱེད་དགོས་པ་ཅི་ཞིག་འདུག་ཨང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིགས་རྒྱུད་ཅིག་གི་གདུང་འབོད།

2012-09-02 སྨག་འཇོམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།