སྙན་ངག་ཚན་པ་གསུམ།

           ས་སྲོས་གང་མང་གི་ཡུལ་གྱར་ཁྲོད་དུ།
 
ཁྱོད་རང་སྐྱེངས་མདོག་ཚ་བོའི་ངང  རང་གི་མལ་ཁང་གི་ཕྱི་རུ་བུད
དེའི་རྗེས་ཀྱི་གནས་ཚུལ་ཚང་མ
མི་རྣམས་ཀྱིས་དགུན་ཟླ་ཧྲིལ་བོ་ཞིག་གི
ཉི་མ་ལྡེ་བ་དང  འདུ་ཚོགས་རྒྱག་པ
མཆོད་མཇལ་དུ་ཞུགས་པ་སོགས་ཀྱི
སྐབས་གང་མང་གི་ཟད་དུ་མེད་པའི་བློས་སླང་རིང་མོ་ཞིག་ཏུ་གྲུབ
 
སྲང་མདོ་དག་ནས  ཐེ་ཚོམས་ཀྱིས་གང་བའི་མིག་ཟུང་དག་གིས
ཆ་རྒྱུས་ཅི་ཡང་མེད་པའི་མི་ཞིག་ལྟར
ཐད་གར་ཁྱོད་ལ་ཞིབ་ཏུ་ལྟ་ཞིང
ངོ་གདོང་རེ་རེས  ཧ་ཅང་ལྐོག་གྱུར་གྱི་རྣམ་འགྱུར་རེ་སྟོན
དེ་དང་ལྷན་དུ  སོ་སོས་རང་རང་གི་ལུས་སྟེང་གི་གྲིབ་མ་ལ་ལྟ་བཞིན
ཁ་སྣའི་སྦུབས་མདོ་གང་ཞིག་ནས་བཏང་ཡོང་བའི
ཧབ་ཆ་ཁ་ཤས་རེ  སྲང་གི་སྟོད་སྨད་གང་རུང་དུ་མཆེད
 
སྐབས་འདིར  མེ་ལོང་གི་མདུན་དུ་དྲང་བོར་འགྲེང་བའི་ཁྱོད་ཀྱིས
བཟོད་སྲན་ཇི་ལྟར་བྱས་ཀྱང
གུ་ཡངས་ལ་ཅུང་ཙམ་ཡང་གཏོང་མི་ཐུབ་པ་དེ་རང་ཉིད་ཡིན་སྲིད་དམ
༢༠༡༣.༠༡.༡༦
 
         ཕངས་སེམས།
 
ཆེས་རྒྱང་རིང་རྒྱང་རིང་དུ་ཕྱིན་འདྲའི་མི་ཚེའི་ནང
ངལ་དུབ་ཀྱི་གང་བའི་ང་རང  ཐག་རིང་གི་ལམ་ཐིག་དེད་དེ
ཕ་ཡུལ་གྱི་སྒོ་འགྲམ་དུ་འབྱོར་ཐེངས་རེར
རྒྱུ་རྐྱེན་ཅི་ཞིག་གིས  ང་ཡི་སེམས་ཁོང་སྔར་བཞིན་སྟོང་ལྷང་ལྷིང་དུ་ལུས་འགྲོ
 
འོད་ལམ་ལམ་གྱི་མར་མེ་རྐོང་བུ་གང་གི་ཉེ་འགྲམ་ནས
རང་ལ་རྩ་ཆེ་བའི་དངོས་བོ་དག་རེ་རེ་ནས་རྒྱང་དུ་གྱེས་བས
ངས་དུས་ཚོད་ཀྱི་ཆུ་རྒྱུན་རིང་མོ་འདི་མུ་མཐུད་དུ་དེད་ནས་འགྲོ་བར་སྐྲག་ཅིང་དངངས་ཡོང
 
རང་གི་འཚོ་བའི་ཆ་ཤས་ཀྱི་དུས་ཚོད་དང་སྐར་ཆ་དག་བཅག་ནས
དེ་ཉིད་བསགསས་ཏེ་བཟོས་བའི་རྨི་ལམ་གྱི་ཤོག་གྲུ་ཆུང་ཆུང
འཚོ་བའི་གཏིང་རིང་བའི་ཕུ་ཐག་གི་སྣེ་རུ  ཁོ་མོའི་རྨི་ལམ་ཁོ་ན་རུ་བབས
 
ཡིན་ཡང  ད་ནི་མཆི་མས་རྣང་བཞིན་པའི་མིག་ཟུང་འདི་ཐད་གར་ཕྱེས་ཚེ
ཡོད་ཚད་སོང་ཚར་རྗེས་ཀྱི་སྐྱ་ཐིང་ཐིང་གི་དོན་དངོས་འདི་ལ་གདོང་གཏད་དགོས་འདུག་པས
དུས་ཚོད་ཀྱིས་ཡོད་ཚད་ཁྱུར་མིད་དུ་བཏངས་རྗེས་ཀྱི་ང་ལ་ཅི་ཡང་ལྷག་མེད
 
གལ་ཏེ་མི་ཚེ་ནི་རང་དབང་དུ་ཡོང་ཆོག་པ་ཞིག་ཡིན་ན
ངས་རང་གི་བརྩེ་བ་དང་ཞེ་འདང་བེད་སྤྱད་ནས
རང་ཉིད་ནར་སོན་པའི་གོ་རིམ་དང་ལོ་ཟླ་དག་བསྐྱར་དུ་ཐེངས་གཅིག་བརྒྱུད་ན་འདོད་ལ
དེ་དང་ལྷན་དུ་རང་ལ་ཕུལ་མྱོང་བའི  དུང་བ་དང
བྱམས་བརྩེ་ཡོད་ཚད་ལའང་བསྐྱར་དུ་བྱིལ་བྱིལ་ཐེངས་གཅིག་བྱ་བར་འདོད
 ༢༠༡༣.༠༡.༡༤
 
         འཚོ་བར་ཨ་ཐང་ཆད་དུས།
 
 ཚ་ཞིང་ཁོལ་བའི  འོ་ཇ་ཕོར་བ་གང་ལྟ་བུའི
ང་ཡི་བརྩེ་བ་འཁྱག་བྱེད་ཀྱི
ཆུ་དང་ཆར་བ
མཛའ་མོའམ  ཆུང་མའམ
བུད་མེད་ཅིག་གི་མིག་གོང་ནས་ཐོར་ཏེ
རྨ་ཁ་གང་མང་གི་གསེབ་ཏུ་ཐུམ
 
དུས་དེ་ནས  ང་རང་འཁྱག་པ་རྡོ་ཞིག་དང་འདྲ་བར
དུས་གཏན་དུ་ཁྱོད་ཀྱི་སེམས་ཁ་ནས་ཤི
 
ཏག་ཏག  འཁྱག་པ་ཡིན་པའི་ང་ཡིས
སུ་ཞིག་དྲོད་པོར་རུམ་ཐུབ་བམ
 
མི་རྣམས་ཀྱི་སེམས་ཁུང་དུ
དགུན་ཁ་གྲངས་མེད་སླེབས་རྗེས
ཁོ་མོའམ  ཁྱིམ་འདིའང་འཁྱག་པར་གྱུར་རྗེས
ངས་གྲང་ཞིང་ངར་བའི་རང་ཉིད
སུ་ཞིག་གི་རུམ་ཁ་རུ་ཚ་དྲོད་ལ་བསྲོའམ
ངས་སུ་ཞིག་དང་ལྷན་དུ
ཚ་ཞིང་ཁོལ་བའི་ཇ་ཐུན་ཞིག་རོལ་ལམ
སུ་ཞིག་གིས  ང་ཡི་ཐབ་ནང་གི་མེ་རོ་ལ་ཁ་གསོ་བྱེད་དམ
 
མཛའ་མོ་ལགས
ཆུང་མ་ལགས
མི་དགོས་བའི་ཁ་རྩོད་དེ་དག་ཐང་དུ་བསྐྱུར་ཅིག
དོན་མེད་དུ་ལང་ཡོང་བའི་ང་ཁྱོད་ཀྱི་འཐབ་རེས་དེས
སུ་ལའང་རྨ་ཁ་བཟོས་ཡོང་ན
རང་ལའང་བཟོད་སྒོམ་ཅུང་ཙམ་གནང་རོགས
                  ༢༠༡༣.༠༡.༠༧
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཚན་པ་གསུམ།

2013-01-28 མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།