ཟླ་འོད་དང་མཚན་མོ།
ཟླ་བ་ཞིག་གསལ་ལ་མི་གསལ་བ་མངོན་གྱིན་པའི་ནང
སྐར་ཚོགས་གྲངས་མེད་པ་ཞིག་ངའི་ཉེ་ས་ལ་འཕྲོས་དུས
ངས་ཟླ་བའི་འོད་སྣང་དེ་གཏན་ནས་བརྗེད་ཀྱིན་འདུག
ཁྱིས་ངུ་ཟུག་གིས་མཚན་མོའི་ལྷིང་འཇགས་དེ
ཆེས་རྒྱང་རིང་གི་ཡུལ་གྲུ་ཞིག་ལ་སྐྱེལ་དུས
ངས་ཟླ་འོད་ཕྱོགས་སུ་ལག་སྙོབ་འགའ་བགྱིས་པ་ཡིན
སྐབས་དེར་ཟླ་འོད་ནི་ནུབ་རིའི་དབུ་རྩེ་ནས་ཕེབས་ཀྱིན་འདུག
ཟླ་འོད་དེ་མཚན་མོའི་ཟླ་འོད་ཡིན་པ་ངས་ད་དུང་ཤེས་ཀྱིན་མེད
ང་ཡི་མིག་ལམ་ན་མངོན་པའི་ཟླ་འོད་དེ
མཚན་མོའི་འཇིག་རྟེན་ནས་ང་དང་བར་ཐག་མེད་པར་གྱུར་དུས
ངས་ཟླ་འོད་ཀྱི་ཁ་དོག་དེ་ནག་པོའི་རང་བཞིན་མཐོང་གིན་འདུག
སྤྲིན་པ་རུབ་ཀྱིན་རུབ་ཀྱིན་སོང་བའི་ངོར
ཟླ་འོད་ནི་རང་བཞིན་དུ་མི་སྣང་བ་གྱུར་དུས
ཟླ་འོད་དང་འདྲ་བའི་འོད་ཟེར་ཞིག་སེམས་ཀྱིས་བསུས་ཏེ
ངའི་ཉེ་ཕྱོགས་འོད་སྣང་གིས་ཕྱུག་པར་བྱས་ཡོད
2012.12.27ཉིན་ཟུར་མང་ནས་མཚན་མོར།
རྩོམ་ཁུངས། ངེད་དྲ་བ།