སྨྲ་བརྗོད་བྲལ་བའི་མྱོང་བ།

རྒུམ་ཆང་དམར་པོ་དེ་དང་ཞག་སྒྲོན་གྱི་འོད་སྣང་དམར་པོ།
འཇགས་ཐབས་བྲལ་བ་རྒྱ་མཚོའི་རྦ་རླབས་ཀྱི་གདུང་འབོད་དང་འཇིགས་སྐྲག་བཟི་འཁྱོམ་གྱི་སྣང་བ་བན་བུན།
གསལ་ལ་མི་གསལ་བ་མཛའ་མོའི་ཞལ་རིས་དང་མག་མོག་གི་བརྩེ་དུང་ཁྲོད།
ཡིད་ཆེས་བྲལ་བའི་ཚིག་བརྗོད་ཁག་ཅིག
ཕལ་ཆེར་འདས་དོན་གྱི་འཁྲུག་སྤྱོད་བདེ་བ་དེས།
འབྱུང་འགྱུར་དང་ད་ལྟའི་འདོད་པ་མི་ཁེངས་པ་ལྟར།
ད་ཆའི་བསམ་གཞིག་ནས་འཇིག་སྟེ་སྐྱེ་བ།
མཛེས་སྡུག་ཡིད་འོང་གི་འཕྲལ་སེལ་དམ་བཅའ་དང་ཁ་ཏན་དག
དགའ་སྐྱོ།  རེ་དོགས།  འཇིགས་སྐྲག་དང་ཐེ་ཚོམ་གྱི་དྲ་བར་དཔྱངས།
དམར་ལམ་ལམ་དུ་འབར་བ་མདུན་ཅོག་སྟེང་གི་ཞག་སྒྲོན།
ཚ་ཁོལ་ཁོལ་དུ་འཕྱུར་བ་བདག་སེམས་ན་བསྟམས་པའི་འདོད་བརྩེ།
དྲོད་ལྷེམ་ལྷེམ་དུ་ཚོར་བ་ཁོ་མོའི་ཁ་རླངས་དང་།  ཡང་ན།
ང་རང་ཡོངས་སུ་བསྲེག་བྱེད་ཀྱི་ཁོ་མོའི་དར་ལྕོག་ལྟ་བུའི་གཤིས་ཀ་རེད།
ཨ་གསར་གཏམ་འདོད་ཀྱི་སྐབས་འཕྲལ་བྱུང་བ་འདི།
མཚོ་ཁུག་འདིའི་དྲག་རྩུབ་ཆེ་བའི་རོལ་ཆས་ཀྱི་སྙན་འགྱུར་ཡིན་ནམ།
ཡང་ན། མུ་མཐའ་བྲལ་བའི་ནགས་ཚལ་སྟུག་པོ་འདི་བཞིན།
གདུག་ཅན་གཅན་གཟན་གཏུམ་པོ་དང་དུག་ཅན་སྦྲུལ་སྡོམ་གྱི་ཕ་གཞིས་དྲོན་པོ་ཅིག་རེད།
སྨྲ་བརྗོད་བྲལ་བ་ཀུན་རྟོག་གི་རྨི་ལམ་འདི་ལས།
ཨུ་ཚུགས་བརྒྱབས་ཏེ་འཕག་འཚག་གིས་སད་ཙམ་ཐུབ་དུས།
ངའི་མཐའ་འཁོར་དུ་ཡོད་པ་རྣམས།
མིང་མི་ཐོགས་པའི་རོལ་ཆ་སྣ་ཚོགས་འབུད་རྡུང་དཀྲོལ་གསུམ་ཁྲོད།
སྒོམ་སྒྲུབ་ཀྱི་མྱོང་གོམས་གང་ཡང་མི་དགོས་པར།
རྩྭ་རྐང་གཅིག་གི་དུད་ཞགས་ཀྱི་རོ་མངར་བཟི་ཁས།
སྦྲུལ་ནག་གི་སྐྲ་ལོ་སྐྱེས་ཤིང་གླག་རྒོད་ཀྱི་གཤོག་པ་ཐོགས་མཁན།
གཅན་གཟན་གྱི་མཆེ་བ་གཙིགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཡིན་ལ།
བློ་སྦྱོང་གི་ཉམས་རྟོགས་མེད་པ་རྣལ་འབྱོར་གྱི་ཚོགས་འདི།
མཚོ་ཁུག་འདི་ཁོ་ནར། སྨྲ་བརྗོད་བྲལ་བའི་འཇིག་རྟེན་གྲངས་མེད་འགྲིམས་བཞིན་པ་ལྟར།
དམག་འཐབ་ཀྱི་དུར་ཁྲོད་དང་ལྗང་མདོག་གི་འབྲོག་ས།
ཁེར་རྐྱང་གིས་རྒྱ་མཚོར་བྱིངས་པ་དང་བེམ་རིག་རྩ་བྲལ་དུ་གྱུར་པ།
བརྗིད་ཆགས་ཞི་ལྷིང་གི་རི་ཚོགས་ཟོམ་དུ།
གཅིག་པུར་སྒོམ་སྒྲུབ་ཀྱིས་ཁྱད་མཚར་གྱི་རྟོགས་པ་བརྙེས་པ།
ཐག་རིང་གི་སྐར་ཚོམ་གྲངས་མེད་དུ་གོ་ལ་གཅིག་ཁེར་འགྲོས་ཀྱིས་རྒྱུ་བ།
སྙིང་ནས་དགའ་བའི་མཛའ་མོ་དང་ལྷན།
མཛད་མཐའ་མེད་པའི་ཁ་སྦྱོར་གྱི་བདེ་མཚོར་རོལ་པ་དང་།
འཇིགས་ཡེར་བའི་གཤེད་མའི་ཚོགས་ཀྱིས་གོ་མཚོན་འདྲ་མིན་ཐོགས་ཏེ།
གསོད་རྒྱོབས་ཀྱི་ངར་སྐད་འབྱིན་བཞིན་བརྡས་འདེད་གཏོང་བ་སོགས།
ཁ་མདོག་བྲལ་བའི་ཀུན་རྟོག་གི་མྱོང་བ་གྲངས་མེད།
དུས་གཅིག་ཏུ་མྱོང་བ་ཀུན་བྱེད་རྒྱལ་པོའི་ཆོ་འཕྲུལ་གྱིས།
ངའི་སེམས་པ་འདི་འགད་ལ་ཉེ་བའི་རྡུལ་ཕྲན་གོ་མཚོན་ལྟར།
ནམ་ཡང་ཆག་སྒོ་ཅིག་གི་སྔོན་འགྲོ་ཡིན་ནམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲ་བརྗོད་བྲལ་བའི་མྱོང་བ།

2013-01-26 ཁྲི་རལ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།