འཚོ་བ་ཞིག་གི་ཕྱེད་ཀ་དང་གཞན་དག

           ༡
མཚར་སྡུག་ནི་འཇའ་ཚོན་ལྟར་རྫོགས་མཐའ་བྲལ་ནའང
དུས་ཚོད་དང་མུན་ནག་གི་དཀྱོགས་མཚམས་ནས
ཁོ་ཚོར་ལྷག་སྲིད་པ་ནི
ཤིན་ཏུ་སྡུག་པའི་སྒོ་དང་སྒེའུ་ཁུང
ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་འགྲམ་གྱི་རྣམ་གྲངས་དག་གོ
 
མང་ཚོགས་ཀྱི་ལག་ཟུང་བསྙིལ་བའི་གོ་རིམ་འདི་ཡང
སེམས་ལ་མུན་པ་འཐིབས་པ་དང་འདྲ་བས
མི་ཚོགས་ཀྱི་མགོ་ལ་བརྩེགས་པའི་ཤོག་ལྷེ་རེ་རེ་བཞིན
ཉིན་དེ་དག    སུ་ལའང་མནོ་བསམ་དང་ཞེད་སྣང་ཡོད་ངེས
         ༢
ལག་པ་འདི་གཉིས
སུས་ཀྱང་གཅོད་ཐུབ་མི་འདུག
རྐང་བ་འདི་གཉིས
སུས་ཀྱང་གཅོད་ཐུབ་མི་འདུག
 
ཁོ་ཚོས་བཤད་བསྒྱུར
སང་ཉིན་ཞེས་པའི་འདུན་པ་དེ
གནས་ལུགས་ལྟར་སེམས་སུ་སྦས་ཏེ་གཉིད་ལ་རོལ་ཚེ
རྨི་ལམ་ནས་ཐང་ཆེན་དང་རྒྱ་མཚོ་མཐོང་ཐུབ་ཟེར
         ༣
ཉིན་དེར་ཁྱོད་རང་སྤྲིན་ལྟར་ཡལ་བས
རྐང་འོག་གི་རྡོ་དེ་འཁྱག་ཀོང་དུ་བསྒྱུར་སོང
ཉིན་དེར་ངའི་ཡ་ཆུང་གི་མིག་ཆུ་དེའང
བརྟན་བརླིང་གི་ཕ་བོང་ལྟར་འཁྱག་པ་སུས་ཀྱང་ཤེས་མེད
ཉིན་དེར་མཛེས་སྡུག་གཞན་དག་དང་འདྲ་བའི་ང་ཡི་མདུན་ཕྱོགས་ནི
སྤར་སྙོབ་ཐེངས་གཅིག་ལས་མེད་དོ
            ༤
ང་ལ་ངལ་གསོ་གནང་རྗེས་ཀྱི་ཉིན་དེ་དག
དུས་ཚོད་ལྷག་མ་མང་བོ་དབང་ཡོད
ཚོར་བ་སྟོང་བ་མང་བོ་ལྷག་ཡོད
ཁུ་སུམ་ཁོ་ནས
ཉིན་འགའ་ཡི་ངོ་གདོང་ལ
མུན་ནག་མཐུག་པོས་བརྟོལ་བྱུང
 
ང་ལ་ངལ་གསོ་གནང་རྗེས་ཀྱི་ཉིན་དེ་དག
ཕ་ཡུལ་ཀྱི་ནམ་མཁའ་ཁོ་ན་ལྷུག་ལྷུག་ཏུ་དགོད་ཐུབ་ཀྱིན་མི་འདུག
ན་ཟུག་གི་འཁྱག་རླུང་མང་བོ་འཐིབ་རྗེས
ངའི་སྙན་ངག་གི་ལུག་ཁྱུ་འཚོ་སའི་ལུང་བ་དག་སྟོང་བར་བསྒྱུར་འདུག
ངའི་ཡིད་བརྙན་གྱི་ཐབས་རྩལ་བཏུ་སའི་སྤང་ཐང་དག་སྐྱ་བོར་བསྒྱུར་འདུག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བ་ཞིག་གི་ཕྱེད་ཀ་དང་གཞན་དག

2013-01-25 ཞོགས་གཞོན། ཀློག་གྲངས། མཆན ཡོད།

           ༡
མཚར་སྡུག་ནི་འཇའ་ཚོན་ལྟར་རྫོགས་མཐའ་བྲལ་ནའང
དུས་ཚོད་དང་མུན་ནག་གི་དཀྱོགས་མཚམས་ནས
ཁོ་ཚོར་ལྷག་སྲིད་པ་ནི
ཤིན་ཏུ་སྡུག་པའི་སྒོ་དང་སྒེའུ་ཁུང
ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་འགྲམ་གྱི་རྣམ་གྲངས་དག་གོ
 
མང་ཚོགས་ཀྱི་ལག་ཟུང་བསྙིལ་བའི་གོ་རིམ་འདི་ཡང
སེམས་ལ་མུན་པ་འཐིབས་པ་དང་འདྲ་བས
མི་ཚོགས་ཀྱི་མགོ་ལ་བརྩེགས་པའི་ཤོག་ལྷེ་རེ་རེ་བཞིན
ཉིན་དེ་དག    སུ་ལའང་མནོ་བསམ་དང་ཞེད་སྣང་ཡོད་ངེས
         ༢
ལག་པ་འདི་གཉིས
སུས་ཀྱང་གཅོད་ཐུབ་མི་འདུག
རྐང་བ་འདི་གཉིས
སུས་ཀྱང་གཅོད་ཐུབ་མི་འདུག
 
ཁོ་ཚོས་བཤད་བསྒྱུར
སང་ཉིན་ཞེས་པའི་འདུན་པ་དེ
གནས་ལུགས་ལྟར་སེམས་སུ་སྦས་ཏེ་གཉིད་ལ་རོལ་ཚེ
རྨི་ལམ་ནས་ཐང་ཆེན་དང་རྒྱ་མཚོ་མཐོང་ཐུབ་ཟེར
         ༣
ཉིན་དེར་ཁྱོད་རང་སྤྲིན་ལྟར་ཡལ་བས
རྐང་འོག་གི་རྡོ་དེ་འཁྱག་ཀོང་དུ་བསྒྱུར་སོང
ཉིན་དེར་ངའི་ཡ་ཆུང་གི་མིག་ཆུ་དེའང
བརྟན་བརླིང་གི་ཕ་བོང་ལྟར་འཁྱག་པ་སུས་ཀྱང་ཤེས་མེད
ཉིན་དེར་མཛེས་སྡུག་གཞན་དག་དང་འདྲ་བའི་ང་ཡི་མདུན་ཕྱོགས་ནི
སྤར་སྙོབ་ཐེངས་གཅིག་ལས་མེད་དོ
            ༤
ང་ལ་ངལ་གསོ་གནང་རྗེས་ཀྱི་ཉིན་དེ་དག
དུས་ཚོད་ལྷག་མ་མང་བོ་དབང་ཡོད
ཚོར་བ་སྟོང་བ་མང་བོ་ལྷག་ཡོད
ཁུ་སུམ་ཁོ་ནས
ཉིན་འགའ་ཡི་ངོ་གདོང་ལ
མུན་ནག་མཐུག་པོས་བརྟོལ་བྱུང
 
ང་ལ་ངལ་གསོ་གནང་རྗེས་ཀྱི་ཉིན་དེ་དག
ཕ་ཡུལ་ཀྱི་ནམ་མཁའ་ཁོ་ན་ལྷུག་ལྷུག་ཏུ་དགོད་ཐུབ་ཀྱིན་མི་འདུག
ན་ཟུག་གི་འཁྱག་རླུང་མང་བོ་འཐིབ་རྗེས
ངའི་སྙན་ངག་གི་ལུག་ཁྱུ་འཚོ་སའི་ལུང་བ་དག་སྟོང་བར་བསྒྱུར་འདུག
ངའི་ཡིད་བརྙན་གྱི་ཐབས་རྩལ་བཏུ་སའི་སྤང་ཐང་དག་སྐྱ་བོར་བསྒྱུར་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།