འཆིང་གྲོལ།
ང་གཉིད་ལས་སད་དུས
མི་ཁྱིམ་དེར་མཚན་མོ་སླེབས་འདུག
རྒྱང་ཐག་ཆོད་པའི་འོད་ཐིགས་སུ
གཤོག་པ་ཡ་གཅིག་ལྡེམ
ངས་རྩྭ་ལྷམ་ཞིག་ཁུར་ནས
མཚན་མོ་དེའི་མྱ་ངན་ཐང་ལ་ལྕེབས
ཉི་འོད་ལྟ་བུའི་སྡུག་བསྔལ་གྱི་ཆེད
ང་ཡར་ལ་འཕག་དུས
རྐང་བ་ཡ་གཅིག་བྱེ་མས་བསྲེགས
འཚིག་རོ་ལས་འོ་མ་བཞུར
མི་ཁྱིམ་དེ་འགུལ་ཙམ་བྱས
ངས་རང་ཉིད་རིག་སོང
མྱ་ངན་ཐང་ནས་འཆི་སྲིད་པ་དག
སྡུག་བསྔལ་ལས་མེ་ཁ་གསོ་མཁན་ཡིན
ངས་གཤོག་པ་ཞིག་དྲན་པ་བཞིན
མི་ཁྱིམ་དེའི་སྒེའུ་ཁུང་ཕྱིས
ཡིན་ཡང
ཁོ་ཚོའི་མགོ་ཕྱེད་སྔར་བཞིན་རྡོ་དཀར་བོ་རེ་རེར་ཁེན
ངས་ལག་པ་ཕར་ལ་བསྲིངས་བ་ལས
ཕྱིར་བསྐུམས་འདོད་མ་བྱུང
རྩོམ་ཁུངས། ངེད་དྲ་བ།