རྩེ་ཁོག་མ་ཆགས་རྩེ་ཁོག་ཆགས། རྩེ་ཁོག་རྩེ་ཆུའི་འགྲམ་ན་ཆགས།


རྩེ་ཁོག་ནི་ནང་རྙིང་ཕྱི་ཡག་གི་ལྭ་བ་གྱོན་པའི
རྒན་པོའམ་གཞོན་ནུའམ་བྱིས་པ་ཞིག་ཡིན
རྩེ་ཁོག་ནི་རྩེ་ཆུའི་འགྲམ་ངོགས་ན་ཆགས་ཤིང
མྱི་ཁྱི་ར་གསུམ་གྱིས་འཚང་ཁ་རྒྱག་པའི
འབྲོག་རྫོང་ཆུང་ཆུང་ཞིག་སྟེ
གོས་ལྗང་ལོ་གདན་དུ་བཏིངས་འདྲའི་རྩེ་གཞུང་རྩྭ་ཐང་རྫོད་བྱེད་ཀྱི
ཁྱིམ་ཚང་ཕྱུག་པོ་ཞིག་གི་ནོར་ལྷས་ལག་མཐིལ་འདྲ་བོ་དེ་ཡིན
 
རྩེ་ཁོག་ནི་རང་གི་ཕ་ཡུལ་ཡིན་པ་སུ་ལའང་གསང་དོན་མེད
དང་བོ་ལྟེ་ཁྲག་འཕོ་ས་དང་མཐའ་མར་རུས་ཀོག་འཐོར་ས་ཡིན་ཨང
རྩེ་ཁོག་ནི་དམག་མི་བོའུ་ཁུར་ཞིག་མིན་ལ
 རྩེ་ཁོག་ནི་དཔའ་བོ་གྲི་ཐོགས་ཤིག་ཀྱང་མིན
 
 རྩེ་ཁོག་གི་སྲང་ལམ་ན
མྱི་ཁྱི་ར་གསུམ་ཧ་ཅང་འཆམ་མཐུན་ཡིན་པས
དམར་ནི་སྡོད་དང་ལྗང་ནི་སྐྱོད་པའི་བརྡ་སོགས་མཛའ་ས་མ་རེད
 
རྩེ་ཁོག་ནི་རྒན་པོ་ཤ་དར་ཁྲག་དར་ཞིག་སྟེ
རྒན་པོ་དེའི་ཤ་ཁྲག་སྒལ་ཚིགས་མེད་པའི་སྲིན་འབུ་འགས་འཇུབ་ཀྱིན་འདུག་པས
ཤི་གསོན་ལ་ད་དུང་ཁ་ཚོན་གཅོད་དཀའ་ཞིང
རྒན་པོ་དེའི་བུ་ཕྲུག་ཉ་ཉོག་མང་བོའི་ཁ་རྒྱབ་ལའང་འདང་རྒྱག་ཆེ
 
རྩེ་ཁོག་ལ་ཕྱི་ཐུམ་ཡག་པའི་སྐམས་ཤ་གོང་ཆེན་བཙོང་རྒྱུ་མེད་ཆོག
གློ་མཆིན་རུལ་བ་འགའ་རེ་ཉོ་རྒྱུ་ཡོད་པས་ཆོག
རྩེ་ཁོག་ལ་དགའ་ཡ་རྟགས་ཅན་སོགས་ཀྱི་ལྭ་བ་བཙོང་རྒྱུ་མེད་ཆོག
གང་ནས་དྲུད་ཡོང་མི་ཤེས་པའི་ལྭ་བ་རྙིང་བ་འགའ་རེ་ཉོ་རྒྱུ་ཡོད་པས་ཆོག
 
ང་ཡི་ཤ་དང་མཆིན་པ་ན་བྱེད་ཀྱི་རྩེ་ཁོག
ང་ཡི་སེམས་དང་བསམ་པ་སྒུལ་བྱེད་ཀྱི་རྩེ་ཁོག
རྩེ་ཁོག          རྩེ་ཁོག          རྩེ་ཁོག
                                                                                                                                                                                                                                                                                                                                                                ༢༠༡༢ .༧.༡༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེ་ཁོག་མ་ཆགས་རྩེ་ཁོག་ཆགས། རྩེ་ཁོག་རྩེ་ཆུའི་འགྲམ་ན་ཆགས།

2013-01-07 གཡུ་སྐྱེས། ཀློག་གྲངས། མཆན ཡོད།


རྩེ་ཁོག་ནི་ནང་རྙིང་ཕྱི་ཡག་གི་ལྭ་བ་གྱོན་པའི
རྒན་པོའམ་གཞོན་ནུའམ་བྱིས་པ་ཞིག་ཡིན
རྩེ་ཁོག་ནི་རྩེ་ཆུའི་འགྲམ་ངོགས་ན་ཆགས་ཤིང
མྱི་ཁྱི་ར་གསུམ་གྱིས་འཚང་ཁ་རྒྱག་པའི
འབྲོག་རྫོང་ཆུང་ཆུང་ཞིག་སྟེ
གོས་ལྗང་ལོ་གདན་དུ་བཏིངས་འདྲའི་རྩེ་གཞུང་རྩྭ་ཐང་རྫོད་བྱེད་ཀྱི
ཁྱིམ་ཚང་ཕྱུག་པོ་ཞིག་གི་ནོར་ལྷས་ལག་མཐིལ་འདྲ་བོ་དེ་ཡིན
 
རྩེ་ཁོག་ནི་རང་གི་ཕ་ཡུལ་ཡིན་པ་སུ་ལའང་གསང་དོན་མེད
དང་བོ་ལྟེ་ཁྲག་འཕོ་ས་དང་མཐའ་མར་རུས་ཀོག་འཐོར་ས་ཡིན་ཨང
རྩེ་ཁོག་ནི་དམག་མི་བོའུ་ཁུར་ཞིག་མིན་ལ
 རྩེ་ཁོག་ནི་དཔའ་བོ་གྲི་ཐོགས་ཤིག་ཀྱང་མིན
 
 རྩེ་ཁོག་གི་སྲང་ལམ་ན
མྱི་ཁྱི་ར་གསུམ་ཧ་ཅང་འཆམ་མཐུན་ཡིན་པས
དམར་ནི་སྡོད་དང་ལྗང་ནི་སྐྱོད་པའི་བརྡ་སོགས་མཛའ་ས་མ་རེད
 
རྩེ་ཁོག་ནི་རྒན་པོ་ཤ་དར་ཁྲག་དར་ཞིག་སྟེ
རྒན་པོ་དེའི་ཤ་ཁྲག་སྒལ་ཚིགས་མེད་པའི་སྲིན་འབུ་འགས་འཇུབ་ཀྱིན་འདུག་པས
ཤི་གསོན་ལ་ད་དུང་ཁ་ཚོན་གཅོད་དཀའ་ཞིང
རྒན་པོ་དེའི་བུ་ཕྲུག་ཉ་ཉོག་མང་བོའི་ཁ་རྒྱབ་ལའང་འདང་རྒྱག་ཆེ
 
རྩེ་ཁོག་ལ་ཕྱི་ཐུམ་ཡག་པའི་སྐམས་ཤ་གོང་ཆེན་བཙོང་རྒྱུ་མེད་ཆོག
གློ་མཆིན་རུལ་བ་འགའ་རེ་ཉོ་རྒྱུ་ཡོད་པས་ཆོག
རྩེ་ཁོག་ལ་དགའ་ཡ་རྟགས་ཅན་སོགས་ཀྱི་ལྭ་བ་བཙོང་རྒྱུ་མེད་ཆོག
གང་ནས་དྲུད་ཡོང་མི་ཤེས་པའི་ལྭ་བ་རྙིང་བ་འགའ་རེ་ཉོ་རྒྱུ་ཡོད་པས་ཆོག
 
ང་ཡི་ཤ་དང་མཆིན་པ་ན་བྱེད་ཀྱི་རྩེ་ཁོག
ང་ཡི་སེམས་དང་བསམ་པ་སྒུལ་བྱེད་ཀྱི་རྩེ་ཁོག
རྩེ་ཁོག          རྩེ་ཁོག          རྩེ་ཁོག
                                                                                                                                                                                                                                                                                                                                                                ༢༠༡༢ .༧.༡༣

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།