རང་སེམས་འཁྲུལ་བའི་མགུར།

སྐད་ཆ་ཞིག་གི་ཕྱི་ནང་ཡང་དང་བསྐྱར་དུ་སྒོམ་ནའང
ཁྱོད་གཅིག་པུ་ངའི་སྙིང་གི་རྩ་ནས་རྩེ་མོའི་དབར་ཟུག་འདུག
རྨི་ལམ་ཞིག་གི་རྐང་ལག་ལས་འོད་ཀྱི་ཟེར་མ་འཕྲོས་པས
རི་རབ་འོག་གི་ཉག་ཕྲ་བའི་ཚེ་སྲོག་དེའི་དོད་དུ་ང་མར་མེ་ཞིག་ཏུ་སྤྲུལ་འདོད
 
གནམ་སྔོན་པོའི་བྲང་གཞུང་ལ་གས་ཆག་ཤོར་ཏེ་
རླུང་གིས་ས་གཞི་བཅོམ་པའི་གནམ་གཤིས་འདིའི་ཁྲོད་དུ
གཡུ་མཚོ་འཁྱགས་དར་ལ་འབྱར་ཏེ་ཆ་འགྲིག་གི་ངང་སེར་མི་འདུག
རྩྭ་ཐང་གི་གློ་སྙིང་ཀྱང་བྲག་ལ་བརྒྱབ་ཏེ་མི་ཤི་རྟ་འགྱེལ་གྱི་གསང་བའི་ཁྲོད
ངས་འོད་སྤར་བ་གང་ཁྱོད་ཀྱི་ཕྱོགས་སུ་གཏོར་ཡོད
 
ས་གཞིའི་ངོ་གདོང་འདི་གཞོན་ནུ་སུ་ཞིག་གི་བྲང་ཁོག་དང་འདྲ་བར་སྐྱོ་ཉམས་ཀྱིས་བཞད་འདུག
ནམ་མཁའི་ངོས་ཀྱི་ཟླ་བའང་གཞོན་ནུ་མ་ཞིག་གི་ནུ་མགོ་དང་མཚུངས་པར་ཆགས་སྲིད་ཀྱིས་འབུར་པའི
མཚམས་སྤྲིན་དང་ཟེར་མའང་མི་མཐོང་བའི་ས་སྲོད་འདིར
རང་ཉིད་གཅིག་པུ་ཡིན་ས་ཞིག་ཏུ་ང་ཁེར་ངུ་བྱེད་ཀྱིན་ཡོད
ལྷའི་རྩེད་འཇོ་དང་དམྱལ་བ་སེམས་སུ་སྒོམ་བཞིན
མདའ་དང་མདུང་ལྟར་རྣོ་བའི་རྡོ་ཡི་མཛེས་སྡུག་ཁྲོད
ཐ་སྙད་དག་གིས་རང་ཉིད་ལ་ལྷན་པ་རྒྱག་གིན་མི་སེམས་མགར་བའི་ལག་ཏུ་བཞག་ཡོད
 
གལ་སྲིད་རྩེ་ཁོག་ཟེར་བའི་སྡེ་གྲོང་འདི་ཆང་ཁང་གི་ས་མིག་ཞིག་ཡིན་ན
ང་ཝུ་ཆང་གི་སྟོབས་ལ་བསྐྱལ་མཁན་གྱི་གསེར་ཉ་ཞིག་སྟེ
མིག་མཐའ་ཆུ་ལ་གཟས་པ་ཞིག་ཡིན་ངེས
 
དེ་ལྟར་ཁྱོད་རང་དངོས་གྲུབ་ལྷ་ལ་སློང་མཁན་གྱི་དུང་གི་བཞོ་ཟེའུ་ཞིག་ཡིན་ན
ང་ལྷས་ཁྱོད་ལ་གནང་བའི་བདུད་རྩིའི་ཆབ་རྒྱུན་ཏེ
བདེ་བ་འགྲོ་བར་འདོད་པ་དང      བརྩེ་བ་སེམས་ཅན་ལ་གཟིགས་པ་དེ་ཡིན་ངེས
 
རྒྱང་རིང་གི་ནམ་མཁའ་ནས་འཕུར་ཡོང་བའི་བལ་མོ་དག་ས་རུ་བབས་སའི
རྐང་བ་ཡ་གཅིག་ལས་མི་འདུག་པའི་འབག་གི་བཟོ་དབྱིབས་དེ་དང
ལག་པ་གསུམ་ལྡན་གྱི་རི་མོ་དེ་གཉིས་སྨྱན་ཟུང་ཆ་གཅིག་ཡིན་པས
མི་དག་གིས་ལྷའི་གནས་སུ་བཞག་སྟེ་མིག་ཆུ་ཕུལ་ས་ཞིག་ཏུ་གྱུར་འདུག
 
དབྱངས་ཅན་མའི་འཛུམ་གྱིས་སོ་སྐྱེས་དག་གི་དབང་བོ་བརྒྱལ་པར་བྱས
ཕྱག་གི་པི་ཝང་གིས་ཞོགས་པའི་མགོ་བོ་བྲེགས་སོང
སྐད་ཆ་མི་སྨྲ་བའི་ཕྱག་སྟོང་སྤྱན་སྟོང་ཀྱང་ལན་རེར་བཞད་ཀྱིན་འདུག
སྡེ་ཆེན་པོའི་དཀྱིལ་ལ་ཡོང་སྟེ་བཞད་ཀྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།