སྙན་ངག་ཁག་གཉིས།
༡ རྨི་ལམ་ལས།
གནམ་གྱིས་མཐོང་ནས་བྱ་རྒོད་ངར་མ་ཞིག་ངའི་སྒང་དུ་མཆོང་སྟེ
ངའི་མིག་རྒྱ་བརྔོགས་སོང
ས་འོག་ནས་འབུ་སྲིན་ཁབ་སྐུད་འདྲ་བ་ཞིག་ཐོན་ཏེ
ངའི་ཕོ་མཚན་བཅད་དེ་འཁྱེར་སོང
ས་སྟེང་དུག་སྦྲུལ་ནག་པོ་འདིས
ངའི་རྐང་ལག་བཅད་དེ་རྒྱུག་སོང
ད་དུང་ང་ཤི་མེད་ཅེས་དགོད་ཅིང
དོགས་སྣང་དང་འཚུབ་ཆ་ཅི་ཡང་མེད་པར་སྡད་འདུག
༢ ད་ལོའི་ལོ་མོ་འདི།
ནམ་མཁའ་འབྲུག་སྐད་ཀྱི་ཁེངས་ཤིང
ས་གཞིར་གཙང་ཆུ་དང་བཤ་འོད་ཀྱིས་འཐབ་ཀྱིན
ཚུ་རོལ་གྱི་ཤིང་སྡོང་ཕ་རོལ་དུ་བསྐྱལ་ཞིང
ཕ་རོལ་གྱི་བྲག་རྡོ་ངའི་ཁང་ཁྱིམ་གྱི་སྒོ་ར་རུ་འཁྱེར་ནས་འདུག
ས་གཞི་གས་པོ་འདིས
ནམ་མཁའ་ཆག་པོ་འདིས
ངའི་ཁང་ཁྱིམ་གྱི་སྒོ་ར་ཅི་ལྟར་གཙང་ཕྱག་བྱེད་དམ
ངའི་ཁང་ཁྱིམ་གྱི་སྒོ་ར་དང་སྒོ་རའི་ཕར་ངོགས་ནི
འབར་འབུ་རིའི་ས་རྡོ
ན་མ་ནུར་གྱི་འདམ་པ་ལས་ཅི་ཞིག་ཀྱང་མི་འདུག
སྔོ་ལྗང་ལྗང་གི་རྩྭ་
རྩོམ་ཁུངས། ངེད་དྲ་བ།