གློག་འོད་ཁྲ་ཁྲ་མ་ཁྲ།
འཇའ་ཚོན་དང་འདྲ་བའི་གློག་འོད་ཀྱིས
མུན་པ་ཐལ་བར་གཏོང་ཉེ་དུས
འཇའ་ཚོན་དེ་དག་དགུན་གྱི་གྲང་ངར་ལ་འཁྱུད
འཁྱག་རོམ་མ་ཞུ་བར་དུ
འཇའ་ཚོན་དང་ཚིལ་དྲེགས་མཉམ་པོར་འདྲེས
སྐར་མས་གྲང་འདར་རྒྱག་པ་བཞིན་དུ
མི་ཚོགས་ནི་སྐར་མ་དེ་དག་དང་འདྲ་བར
ནུབ་ཕྱོགས་སུ་འདར་ཡོམ་ཡོམ
གློག་འོད་ལས་གྲིབ་མ་ཡང་མཐོང་ཐབས་བྲལ
རྐང་རྗེས་བྱེ་རྡུལ་གྱིས་བསུབས་ཤིང
འཁྲེང་སེམས་ལྷགས་རླུང་གིས་བསྡམས་པ་ལྟར
མེ་ལྕེབ་དག་དང་འདྲ་བར འཆི་བར་སྟ་གོན་བྱས
འཆི་བ་ནི་དཔྱིད་ཀར་ས་བོན་སྤང་ལ་སྟོར་བ་དང་མི་འདྲའམ
སྤྱི་ལོ་༢༠༡༢ལོའི་ཟླ༡༠པའི་ཚེས༢༤དགོང་མོ་མགྲོན་ཁང་དུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།