ལུང་པ་ལྗང་ཁུ།
ལུང་བ་ལྗང་ཁུ ངའི་རྨི་ལམ་ཡིན།
ངའི་རྨི་ལམ་ན་ལུང་བ་ལྗང་ཁུ་ཡིན།
ངའི་ལྗང་མདོག་གི་རྨི་ལམ་འདི་སྐྱེ་གཟུགས་མཛེས་པའི་
གཞོན་ནུ་མ་ཞིག་དང་ཧ་ཅང་མཚུངས།
ཁོ་མོའི་བརྩེ་བའི་ཟུར་མིག ལུས་ཀྱི་ཉམས་འགྱུར།
མཆུ་སྒྲོས་ཀྱི་འདབ་མ།
བསམ་བཞིན་དུ་ཅི་ཞིག་གི་ཚོར་བས་བདག་ལ་ཡོངས་སུ་འཁྱུད།
འོན་ཀྱང་། མཐོང་སྣང་ན་མེད་པའི་རྨི་ལམ་འདི་འཚོལ་ཕྱིར།
ངས་མེ་ལོང་ན་བལྟས་ཀྱང་།
རྨི་ལམ་མི་མཐོང་བར་རང་ཉིད་མཐོང་བྱུང་བས
ཁུ་ཚུར་གཅིག་གིས་གྱང་ངོས་ཀྱི་མེ་ལོང་དེ་རྨང་ནས་བཅགས།
མེ་ལོང་ཆགས་སོང་།
རང་ཉིད་བོར་སོང་།
ལུང་བ་ལྗང་ཁུ་ད་དུང་ངའི་སེམས་གཏིང་ན་གཏན་པོ་གནས།
རྩོམ་ཁུངས། ངེད་དྲ་བ།