སྒྲོལ་མ་དྲན་ཚུལ།

རླུང་ལྡང་བའི་ཡར་སྔོན་ན་
ཁྱེད་ཀྱིས་ནམ་མཁའ་ལ་ཐེངས་མང་བལྟས་རྗེས་
རང་ཉིད་ཀྱི་གདོང་པ་གསང་རས་ཀྱི་བཀབ་སྟེ་
ང་ལ་ཁ་པར་ཞིག་གཏོང་སྲིད་

ཕྱི་རོལ་ན་ཆར་པ་འབབ་ཀྱིན་འདུག་
ཆར་ཐིགས་རེ་རེ་ནི་མིག་ཆུ་རྡོག་གཅིག་དང་འདྲ་བར་
སྒེའུ་ཁུང་ངོས་ལ་བསྒྲིལ་འོང་
སྒེའུ་ཁུང་དེ་ཧ་ཅང་གསལ་དྲགས་པས་ཡིན་གྱི་རེད་
རྒྱང་རིང་ཉི་མ་ལྷ་ས་ན་
ངུ་སྐྱེན་པའི་བུད་མེད་གཅིག་གིིས་མིག་ཆུ་ཧོབ་ཀྱི་བཏུང་གིན་
རང་ཉིད་ལ་བྲེད་ཤ་ལངས་ཚུལ་དུ་
ཁ་པར་ལ་བལྟ་ཙམ་བལྟ་ཙམ་བྱས།

དུས་ཚོད་ཀྱི་ཀུ་རེ་བརྩེ་ཤུལ་དུ་
མི་ལོ་བདུན་གྱི་སྟོན་མཇུག་ལ་ཁ་ཡ་བྱས་རྗེས་
འདི་ལོ་ནི་ང་དང་འབྲེལ་བ་མེད་པའི་དུས་ཚིགས་ཤིག་རེད་
ངོ་མ་བཤད་ན་
ཆར་ཁྲོད་ཀྱི་ཁྲེན་ཏུའུ་ནའང་
རླུང་གིས་དེད་འགྲོ་བའི་ལོ་མ་རེ་མཐོང་རྒྱུ་འདུག་པས་
རང་ཉིད་ཀྱི་ཡིག་ཚགས་གསེང་ལས་བོར་འགྲོ་བའི་སྒྲོལ་མའི་མིང་བྱང་དེ་ཐོས་ཐེངས་རེར་
ཕྱི་རོལ་གནམ་གཤིས་ནི་ཁོ་བོ་དང་འབྲེལ་བ་ཧ་ཅང་ཟབ་

ཆར་པ་དྲག་ཏུ་འབབ་ཚུལ་ན་
ཉི་གདུགས་ཐོགས་པའི་བུད་མེད་ཚོའི་རྒྱབ་གཟུགས་ལ་ཅེར་གྱིན་
བྲང་ཁོག་ལ་ན་ཟུག་གཅིག་བརྡངས་བྱུང་བ་ནི་
སྙན་ངག་པའི་ལག་ནང་ནས་བོར་སོང་བའི་ཆང་ཕོར་གྱི་སིང་སྒྲ་དེའོ་

རླུང་ལྡང་བའི་ཡར་སྔོན་ན་
ཁྱེད་ཀྱིས་ནམ་མཁའ་ལ་ཐེངས་མང་བལྟས་རྗེས་
རང་ཉིད་ཀྱི་གདོང་པ་གསང་རས་ཀྱི་བཀབ་སྟེ་
ང་ལ་ཁ་པར་ཞིག་གཏོང་སྲིད་
                                                     
     2012.10.29 ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མ་དྲན་ཚུལ།

2012-12-03 གཞིས་སྨྱོན། ཀློག་གྲངས། མཆན ཡོད།

རླུང་ལྡང་བའི་ཡར་སྔོན་ན་
ཁྱེད་ཀྱིས་ནམ་མཁའ་ལ་ཐེངས་མང་བལྟས་རྗེས་
རང་ཉིད་ཀྱི་གདོང་པ་གསང་རས་ཀྱི་བཀབ་སྟེ་
ང་ལ་ཁ་པར་ཞིག་གཏོང་སྲིད་

ཕྱི་རོལ་ན་ཆར་པ་འབབ་ཀྱིན་འདུག་
ཆར་ཐིགས་རེ་རེ་ནི་མིག་ཆུ་རྡོག་གཅིག་དང་འདྲ་བར་
སྒེའུ་ཁུང་ངོས་ལ་བསྒྲིལ་འོང་
སྒེའུ་ཁུང་དེ་ཧ་ཅང་གསལ་དྲགས་པས་ཡིན་གྱི་རེད་
རྒྱང་རིང་ཉི་མ་ལྷ་ས་ན་
ངུ་སྐྱེན་པའི་བུད་མེད་གཅིག་གིིས་མིག་ཆུ་ཧོབ་ཀྱི་བཏུང་གིན་
རང་ཉིད་ལ་བྲེད་ཤ་ལངས་ཚུལ་དུ་
ཁ་པར་ལ་བལྟ་ཙམ་བལྟ་ཙམ་བྱས།

དུས་ཚོད་ཀྱི་ཀུ་རེ་བརྩེ་ཤུལ་དུ་
མི་ལོ་བདུན་གྱི་སྟོན་མཇུག་ལ་ཁ་ཡ་བྱས་རྗེས་
འདི་ལོ་ནི་ང་དང་འབྲེལ་བ་མེད་པའི་དུས་ཚིགས་ཤིག་རེད་
ངོ་མ་བཤད་ན་
ཆར་ཁྲོད་ཀྱི་ཁྲེན་ཏུའུ་ནའང་
རླུང་གིས་དེད་འགྲོ་བའི་ལོ་མ་རེ་མཐོང་རྒྱུ་འདུག་པས་
རང་ཉིད་ཀྱི་ཡིག་ཚགས་གསེང་ལས་བོར་འགྲོ་བའི་སྒྲོལ་མའི་མིང་བྱང་དེ་ཐོས་ཐེངས་རེར་
ཕྱི་རོལ་གནམ་གཤིས་ནི་ཁོ་བོ་དང་འབྲེལ་བ་ཧ་ཅང་ཟབ་

ཆར་པ་དྲག་ཏུ་འབབ་ཚུལ་ན་
ཉི་གདུགས་ཐོགས་པའི་བུད་མེད་ཚོའི་རྒྱབ་གཟུགས་ལ་ཅེར་གྱིན་
བྲང་ཁོག་ལ་ན་ཟུག་གཅིག་བརྡངས་བྱུང་བ་ནི་
སྙན་ངག་པའི་ལག་ནང་ནས་བོར་སོང་བའི་ཆང་ཕོར་གྱི་སིང་སྒྲ་དེའོ་

རླུང་ལྡང་བའི་ཡར་སྔོན་ན་
ཁྱེད་ཀྱིས་ནམ་མཁའ་ལ་ཐེངས་མང་བལྟས་རྗེས་
རང་ཉིད་ཀྱི་གདོང་པ་གསང་རས་ཀྱི་བཀབ་སྟེ་
ང་ལ་ཁ་པར་ཞིག་གཏོང་སྲིད་
                                                     
     2012.10.29 ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།