དམངས་གཙོ་ནི་ཅི་ཞིག་ཡིན།


རི་མཐོན་པོའི་རྩེ་རུ་བུད་ནས།
ངས་དམངས་གཙོ་ནི་ཅི་ཞིག་ཡིན་ཞེས་ཚང་ཚིང་སྟུག་པོ་བཀོད་པའི་ནགས་ཚལ་དྲིས།
དམངས་གཙོ་ནི་འཛད་པ་མེད་བའི་ལོ་མ་ཡིན་ཟེར།
དམའ་བྱེ་འགྲམ་ཁ་ནས་ངས་མུ་མཐའ་མེད་རྒྱ་མཚོར་དྲིས།
དམངས་གཙོ་ནི་འཆིང་བུ་་ཡིན་ཟེར།
ངས་སྟོན་པ་དེ་བཞིན་གཤེགས་པར་དྲིས།
དམངས་གཙོ་ནི་སྡུག་བསྔལ་ཡིན་ཟེར།
འཇོག་པོའི་ཡུལ་དུ་ངས་འཕགས་པ་ཀླུ་སྒྲུབ་ལ་དྲིས།
རྒྱལ་བུ་བདེ་སྤྱོད་བཟང་བོའི་རྒྱབ་ཁུག་ནང་གི་རོ་དེ་ཡིན་ཟེར།
ངས་སྟག་གཟིག་དང་བྷ་རྡ་ཧོར་ལ་དྲིས།
དམངས་གཙོ་ནི་ཕོ་དག་གི་ང་རྒྱལ་དང་གཟི་བརྗིད་མཚོན་པའི་ཨག་ཚོམས་འདྲེག་པའི་རལ་གྲི་ཡིན། 
མོ་དག་གི་ངོ་ཚ་དང་བག་ཡོད་ཀྱི་དར་གོས་ཕུད་པའི་བསླུ་བྲུད་ཡིན་ཟེར།
ངས་སྟོབས་ལྡན་ནུབ་གླིང་ལ་དྲིས།
དམངས་གཙོ་ནི་སྔ་ནས་བཟོས་མ་མྱོང་བའི་དགྲ་འདུལ་གཉེན་འདུལ་གྱི་མཚོན་ཆ་ཡིན་ཟེར།
ཐབས་ཟད་འུ་ཐུག་ནས་ངས་ཁ་རོལ་་མཱར་ཁེ་སུར་དྲིས།
དམངས་གཙོ་ནི་ཆེས་མི་གཙང་བའི་མ་རྩ་རིང་ལུགས་ཀྱི་རྣག་ཁྲག་ཡིན་ཟེར།
དེ་ནས་ང་དེང་གི་དུས་རབས་ལ་སླེབས་ནས།
ངས་ཅ་ནག་ལ་དྲིས།
དམངས་གཙོ་ནི་ལྷ་སྒྲུང་ཡིན་ཟེར།
ངས་ཨ་རི་ལ་དྲིས།
དམངས་གཙོ་ནི་འདེམས་ཤོག་དང་འཇལ་ཁྲལ་ཡིན་ཟེར།
ངས་རྒྱ་གར་ལ་དྲིས།
གཡོག་པོའི་བྲོ་དང་གཡོག་མོའི་གླུ་ཡིན་ཟེར།
ངས་ཞ་ར་ཁྲིམས་རྩོད་པ་ཁྲིན་ཀོང་ཁྲུན་ལ་དྲིས།
དམངས་གཙོ་ནི་ནུབ་ཕྱོགས་ནས་བཟོས་ཤིང་ཁོང་གིས་གྱོན་ཡོད་པའི་མིག་ཤེལ་ནག་པོ་དེ་ཡིན་ཟེར།
བ་སྤུའི་བུ་ག་གཡོ་བཞིན་ངས་ཁོང་ཚང་ལ་ཞུས།
ཁོང་སྐུ་ལྗང་གཞོན་ལ་རླུང་གིས་བརྒྱབ་པ་ལྟར་གཡོ་འགུལ་ཙམ་བྱས་ནས་ན་རེ་དམངས་གཙོ་ནི་རྟེན་འབྱུང་ཡིན་ཟེར།
ཀྱེ་མ་ཀྱེ་ཧུད།
ང་ལ་ཡང་དག་པའི་ལན་ཞིག་གསུང་རོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གཙོ་ནི་ཅི་ཞིག་ཡིན།

2012-12-03 ཐོས་པ་མཚར། ཀློག་གྲངས། མཆན ཡོད།


རི་མཐོན་པོའི་རྩེ་རུ་བུད་ནས།
ངས་དམངས་གཙོ་ནི་ཅི་ཞིག་ཡིན་ཞེས་ཚང་ཚིང་སྟུག་པོ་བཀོད་པའི་ནགས་ཚལ་དྲིས།
དམངས་གཙོ་ནི་འཛད་པ་མེད་བའི་ལོ་མ་ཡིན་ཟེར།
དམའ་བྱེ་འགྲམ་ཁ་ནས་ངས་མུ་མཐའ་མེད་རྒྱ་མཚོར་དྲིས།
དམངས་གཙོ་ནི་འཆིང་བུ་་ཡིན་ཟེར།
ངས་སྟོན་པ་དེ་བཞིན་གཤེགས་པར་དྲིས།
དམངས་གཙོ་ནི་སྡུག་བསྔལ་ཡིན་ཟེར།
འཇོག་པོའི་ཡུལ་དུ་ངས་འཕགས་པ་ཀླུ་སྒྲུབ་ལ་དྲིས།
རྒྱལ་བུ་བདེ་སྤྱོད་བཟང་བོའི་རྒྱབ་ཁུག་ནང་གི་རོ་དེ་ཡིན་ཟེར།
ངས་སྟག་གཟིག་དང་བྷ་རྡ་ཧོར་ལ་དྲིས།
དམངས་གཙོ་ནི་ཕོ་དག་གི་ང་རྒྱལ་དང་གཟི་བརྗིད་མཚོན་པའི་ཨག་ཚོམས་འདྲེག་པའི་རལ་གྲི་ཡིན། 
མོ་དག་གི་ངོ་ཚ་དང་བག་ཡོད་ཀྱི་དར་གོས་ཕུད་པའི་བསླུ་བྲུད་ཡིན་ཟེར།
ངས་སྟོབས་ལྡན་ནུབ་གླིང་ལ་དྲིས།
དམངས་གཙོ་ནི་སྔ་ནས་བཟོས་མ་མྱོང་བའི་དགྲ་འདུལ་གཉེན་འདུལ་གྱི་མཚོན་ཆ་ཡིན་ཟེར།
ཐབས་ཟད་འུ་ཐུག་ནས་ངས་ཁ་རོལ་་མཱར་ཁེ་སུར་དྲིས།
དམངས་གཙོ་ནི་ཆེས་མི་གཙང་བའི་མ་རྩ་རིང་ལུགས་ཀྱི་རྣག་ཁྲག་ཡིན་ཟེར།
དེ་ནས་ང་དེང་གི་དུས་རབས་ལ་སླེབས་ནས།
ངས་ཅ་ནག་ལ་དྲིས།
དམངས་གཙོ་ནི་ལྷ་སྒྲུང་ཡིན་ཟེར།
ངས་ཨ་རི་ལ་དྲིས།
དམངས་གཙོ་ནི་འདེམས་ཤོག་དང་འཇལ་ཁྲལ་ཡིན་ཟེར།
ངས་རྒྱ་གར་ལ་དྲིས།
གཡོག་པོའི་བྲོ་དང་གཡོག་མོའི་གླུ་ཡིན་ཟེར།
ངས་ཞ་ར་ཁྲིམས་རྩོད་པ་ཁྲིན་ཀོང་ཁྲུན་ལ་དྲིས།
དམངས་གཙོ་ནི་ནུབ་ཕྱོགས་ནས་བཟོས་ཤིང་ཁོང་གིས་གྱོན་ཡོད་པའི་མིག་ཤེལ་ནག་པོ་དེ་ཡིན་ཟེར།
བ་སྤུའི་བུ་ག་གཡོ་བཞིན་ངས་ཁོང་ཚང་ལ་ཞུས།
ཁོང་སྐུ་ལྗང་གཞོན་ལ་རླུང་གིས་བརྒྱབ་པ་ལྟར་གཡོ་འགུལ་ཙམ་བྱས་ནས་ན་རེ་དམངས་གཙོ་ནི་རྟེན་འབྱུང་ཡིན་ཟེར།
ཀྱེ་མ་ཀྱེ་ཧུད།
ང་ལ་ཡང་དག་པའི་ལན་ཞིག་གསུང་རོགས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།