གྲོག་ཚང་ལ་ཕུལ་བ།


ངས་རང་ཉིད་ཇི་འདྲ་ལྕི་ཚུལ
ཉི་ནུབ་ཀྱི་མཚམས་སུ་བབས་པའི་ས་རྡུལ་གྱི་སྟེང་དུ་དཔར་ཡོད
ས་རྡུལ་དེ་རིམ་བཞིན་དེའུ་འབུར་སྟེང་དུ་བབས་བྱུང
དེའུ་འབུར་དེ་རང་ཉིད་ཡིན་སོང
སུ་དང་གང་རང་ཉིད་ཀྱི་སྟེང་དུ་བུད་དེ་ཕྱོགས་བཞིར་བལྟོས
འཛིན་མ་ཐུབ་པའི་གཟུགས་ཐམས་ཅད
ཐུང་རྒྱུ་ཡང་མེད་དེ་མག་མོག་གི་མཐའ་མཚམས་ཤིག་ཡིན
 
རྔམ་མཐོ་བ་དེ་བཀླགས་མྱོང་བའི་ཁྲུང་ཁྲུང་གི་གཤོག་སྒྲ་མིན་ལ
དམའ་མའི་མཚོ་མོ་ཡི་རླབས་ཁའི་འགྱུར་བག་གི་བསླུ་བྲིད་འང་མིན
ཤིང་སྡོང་མེད་པའི་ས་གཞིའི་སྟེང་བཙོག་པར་བསྡད་དེ་གྲོག་མ་མང་པོ་རྣམ་ཤེས་དང་བརླ་ཤེས་སྟེང་འགོས་པས
ཟ་འཁྲུག་ཁོ་ནའི་བཅོམ་བརླག་ཏུ་བཏང་བས་ལོ་རྒྱུས་ལ་རབ་ཁ་མང་པོ་ཞིག་བཟོས་མྱོང་ཡོད་སྐད་དེ་ཡིན
 
དེའུ་འབུར་གྱི་མངའ་ཁོངས་སུ་རྐང་ལམ་ཕྲ་མོ་མང་པོ་ཞིག་བརྐོ་དགོས་པ
གྲོག་མ་དུང་ཕྱིར་གྱི་གཞིས་ཁྱིམ་ཡོད་པས་ཨེ་ཡིན
ཁ་ཕྱོགས་དང་གསར་གཏོད་ཚེ་ན
ཁང་བ་འམ་རང་གི་མགོ་སྦྲ་རྡོག་ཐོས་གཅིག་གི་བརྡིབས་དུ་བཅུག་ཚེ་ཡང་བསྐྱར་མགོ་བརྩམས་ཆོག
ཡང་ན    དཔའ་བོ་མང་པོ་ཞིག་ཤི་རྗེས་ཡང་བསྐྱར་རི་མགོར་འགོས་ཆོག
ཁྲག་དྲི་མི་བྲོ་བའི་ཡར་ལངས་ཆར་བ་བབས་རྗེས་ཀྱི་འཇའ་ཚོན་དང་མཉམ་དུ་སྤེལ་ཆོག
ང་ཚོ་ལ་སྟོབས་ཤུགས་ཡོད་དེ་རང་ཉིད་ལས་ལྕི་བའི་ཁུར་བོ་འཁུར་ཐུབ་པས་སོ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོག་ཚང་ལ་ཕུལ་བ།

2012-11-27 རླུང་བུ། ཀློག་གྲངས། མཆན ཡོད།


ངས་རང་ཉིད་ཇི་འདྲ་ལྕི་ཚུལ
ཉི་ནུབ་ཀྱི་མཚམས་སུ་བབས་པའི་ས་རྡུལ་གྱི་སྟེང་དུ་དཔར་ཡོད
ས་རྡུལ་དེ་རིམ་བཞིན་དེའུ་འབུར་སྟེང་དུ་བབས་བྱུང
དེའུ་འབུར་དེ་རང་ཉིད་ཡིན་སོང
སུ་དང་གང་རང་ཉིད་ཀྱི་སྟེང་དུ་བུད་དེ་ཕྱོགས་བཞིར་བལྟོས
འཛིན་མ་ཐུབ་པའི་གཟུགས་ཐམས་ཅད
ཐུང་རྒྱུ་ཡང་མེད་དེ་མག་མོག་གི་མཐའ་མཚམས་ཤིག་ཡིན
 
རྔམ་མཐོ་བ་དེ་བཀླགས་མྱོང་བའི་ཁྲུང་ཁྲུང་གི་གཤོག་སྒྲ་མིན་ལ
དམའ་མའི་མཚོ་མོ་ཡི་རླབས་ཁའི་འགྱུར་བག་གི་བསླུ་བྲིད་འང་མིན
ཤིང་སྡོང་མེད་པའི་ས་གཞིའི་སྟེང་བཙོག་པར་བསྡད་དེ་གྲོག་མ་མང་པོ་རྣམ་ཤེས་དང་བརླ་ཤེས་སྟེང་འགོས་པས
ཟ་འཁྲུག་ཁོ་ནའི་བཅོམ་བརླག་ཏུ་བཏང་བས་ལོ་རྒྱུས་ལ་རབ་ཁ་མང་པོ་ཞིག་བཟོས་མྱོང་ཡོད་སྐད་དེ་ཡིན
 
དེའུ་འབུར་གྱི་མངའ་ཁོངས་སུ་རྐང་ལམ་ཕྲ་མོ་མང་པོ་ཞིག་བརྐོ་དགོས་པ
གྲོག་མ་དུང་ཕྱིར་གྱི་གཞིས་ཁྱིམ་ཡོད་པས་ཨེ་ཡིན
ཁ་ཕྱོགས་དང་གསར་གཏོད་ཚེ་ན
ཁང་བ་འམ་རང་གི་མགོ་སྦྲ་རྡོག་ཐོས་གཅིག་གི་བརྡིབས་དུ་བཅུག་ཚེ་ཡང་བསྐྱར་མགོ་བརྩམས་ཆོག
ཡང་ན    དཔའ་བོ་མང་པོ་ཞིག་ཤི་རྗེས་ཡང་བསྐྱར་རི་མགོར་འགོས་ཆོག
ཁྲག་དྲི་མི་བྲོ་བའི་ཡར་ལངས་ཆར་བ་བབས་རྗེས་ཀྱི་འཇའ་ཚོན་དང་མཉམ་དུ་སྤེལ་ཆོག
ང་ཚོ་ལ་སྟོབས་ཤུགས་ཡོད་དེ་རང་ཉིད་ལས་ལྕི་བའི་ཁུར་བོ་འཁུར་ཐུབ་པས་སོ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།