བརྡར་སྟངས་ཤིག་གི་གོ་རིམ།
ནམ་མཁའ་འདི་བར་སྟོང་ཞིག་ཡིན་ཚུལ་དུ་
ངའི་མིག་ཟུང་གཉིས་ཀྱིས་ཁྲུང་ཁྲུང་གི་བཞུད་སྟངས་འདྲ་བའི
འཕུར་སྟངས་ཤིག་དྲན་གྱིན་འདུག
དྲ་མའི་འབག་བཙོག་དེའི་དབང་གིས
སྒེའུ་ཁུང་ལས་རྙེད་པའི་བར་སྟོང་དེའང་རེ་ཞིག་མོག་པོར་གྱུར།
འོད་ཟེར་གྱིས་དྲ་མའི་ཁུང་བུ་བརྟོལ་ནས
ཉམ་ཆུང་གི་ཁང་བའི་ནང་འཛུལ་སྟངས་རེ་རེ
དྲན་གདུང་གིས་བསླངས་བའི་ང་རང
ཤི་འཐམ་རོ་འཐམ་གྱི་བྲེལ་བའི་ཉིན་གཅིག་གི་བྱ་བ་
དེ་དང་གཏན་དུ་འགལ།
དོན་ངོ་མ ང་རང་སུའི་མགྲོན་པོའང་མ་ཡིན་པར
སུའི་བདག་པོརའང་གྱུར་མེད།
མིག་ཆུ་ཤུམ་ཤུམ་གྱི་བཞུར་ཚར་དུས་
ཁ་སང་ཟེར་བའི་འདས་བོ་ཞིག་དང
དེ་རིང་ཟེར་བའི་ཚེ་ལྡན་ཞིག
སང་ཉིན་ཟེར་བའི་རྣམ་ཤེས་འདྲ་བོ་དག་གིས
ང་ལ་གཙུག་བརྡར་བྱེད་ཀྱིན་བྱེད་ཀྱིན
འགྲེལ་དཀའ་བའི་བརྡ་རྟགས་ཤིག་ཡང་ནས་བསྐྱར་དུ་སྟོན་གྱིན་འདུག
རྩོམ་ཁུངས། ངེད་དྲ་བ།