དུས་བྱ།

སྐལ་བཟང་རྣམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-11-23


དབྱར་ཕ་མ་འདྲ་ཞིག་གི་བརྩེ་བའི་བྲང་གཞོང་ན
འདབ་ཆགས་དང་རི་དྭགས
ཨ་མའི་པང་ན་ཉལ་བ་ལྟར
ཡོད་ཚད་སོས་དལ་གྱིས་འཚོ

ནགས་རི་དང་རྫ་རི
ད་དུང་སྤངས་ཐང་ན
དུས་བྱ་སྣ་ཚོགས་ཀྱི་གསུང་དབྱངས་དྲོན་མོས
ཕྱི་སྣོད་ཀྱི་གཡང་གཞི་ལ་སྙན་ཆ་བསྐྱིལ་འདུག

ཁུ་བྱུག་དང་ཁྲུང་ཁྲུང
མིང་མི་ཐོགས་པའི་དུས་བྱ་སྣ་ཚོགས་ཀྱིས
སྔོ་ཡུག་ཡུག་གི་རྩྭ་ཐང་ནས
སྔོ་ཡུག་ཡུག་གི་གླུ་དབྱངས་ལེན་བཞིན
སེར་ཡུག་ཡུག་གི་མེ་ཏོག་གསེབ་ནས
སེར་ཡུག་ཡུག་གིས་བྲོ་གར་འཁྲབ

དབྱར་གྱི་གོས་གདན་མ་ཟད་པའི་ཙུར་རོལ་ཏུ
དུས་བྱའི་ཚོགས
རང་ཉིད་ཀྱི་མགྲིན་པ་མ་འགག་བར
གླུ་སྐད་ཀྱིས་ས་གཞི་ཁེངས་བར་བར་བྱེད་ལ
རང་ཉིད་ཡོད་ཚད་ཀྱི་རྣ་ལམ་ལ་གོམས་སུ་འཇུག་སྲིད

དུས་བྱའི་ཚོགས་ཀྱིས་གནམ་ས་འགེང་བའི་སྐབས
དེ་དག་རེ་རེས རེ་རེ་བཞིན
ཀུན་གྱི་སྤྲོ་བའི་སེམས་ལ་གདངས་དབྱངས་དཀྲོལ་དུས
ཆེས་སྙན་པ་ནི་ཁུ་བྱུག་སྟེ
དཔྱིད་ཀྱི་ཕོ་ཉའི་མཚན་སྙན་ཡང་དེས་འཕྲོག་སོང

ཡིན་ཡང    ས་གཞི་འདི
གྲང་འཁྱག་གི་ཐག་པས་བསྡམས་པའི་དུས་གང་ལ
ཀུན་གྱི་སེམས་ཁམས་དང་མཐུན་པའི་སྐྱོ་དབྱངས་ཤིག་གྱེར་དགོས་ཚེ
འུག་པ་དང་ཁྭ་ཏ་ལས་ལྷག་མེད་དུས
དུས་བྱའི་ཚོགས་ལ
དགོས་མཁོ་གཞན་ཞིག་གི་མགྲིན་པ་བརྣངས་འདུག་པ
ང་ཚོས་གཞི་ནས་ཚོར་བྱུང
            2010.1.7ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་བྱ།

2012-11-23 སྐལ་བཟང་རྣམ་རྒྱལ། ཀློག་གྲངས། མཆན ཡོད།


དབྱར་ཕ་མ་འདྲ་ཞིག་གི་བརྩེ་བའི་བྲང་གཞོང་ན
འདབ་ཆགས་དང་རི་དྭགས
ཨ་མའི་པང་ན་ཉལ་བ་ལྟར
ཡོད་ཚད་སོས་དལ་གྱིས་འཚོ

ནགས་རི་དང་རྫ་རི
ད་དུང་སྤངས་ཐང་ན
དུས་བྱ་སྣ་ཚོགས་ཀྱི་གསུང་དབྱངས་དྲོན་མོས
ཕྱི་སྣོད་ཀྱི་གཡང་གཞི་ལ་སྙན་ཆ་བསྐྱིལ་འདུག

ཁུ་བྱུག་དང་ཁྲུང་ཁྲུང
མིང་མི་ཐོགས་པའི་དུས་བྱ་སྣ་ཚོགས་ཀྱིས
སྔོ་ཡུག་ཡུག་གི་རྩྭ་ཐང་ནས
སྔོ་ཡུག་ཡུག་གི་གླུ་དབྱངས་ལེན་བཞིན
སེར་ཡུག་ཡུག་གི་མེ་ཏོག་གསེབ་ནས
སེར་ཡུག་ཡུག་གིས་བྲོ་གར་འཁྲབ

དབྱར་གྱི་གོས་གདན་མ་ཟད་པའི་ཙུར་རོལ་ཏུ
དུས་བྱའི་ཚོགས
རང་ཉིད་ཀྱི་མགྲིན་པ་མ་འགག་བར
གླུ་སྐད་ཀྱིས་ས་གཞི་ཁེངས་བར་བར་བྱེད་ལ
རང་ཉིད་ཡོད་ཚད་ཀྱི་རྣ་ལམ་ལ་གོམས་སུ་འཇུག་སྲིད

དུས་བྱའི་ཚོགས་ཀྱིས་གནམ་ས་འགེང་བའི་སྐབས
དེ་དག་རེ་རེས རེ་རེ་བཞིན
ཀུན་གྱི་སྤྲོ་བའི་སེམས་ལ་གདངས་དབྱངས་དཀྲོལ་དུས
ཆེས་སྙན་པ་ནི་ཁུ་བྱུག་སྟེ
དཔྱིད་ཀྱི་ཕོ་ཉའི་མཚན་སྙན་ཡང་དེས་འཕྲོག་སོང

ཡིན་ཡང    ས་གཞི་འདི
གྲང་འཁྱག་གི་ཐག་པས་བསྡམས་པའི་དུས་གང་ལ
ཀུན་གྱི་སེམས་ཁམས་དང་མཐུན་པའི་སྐྱོ་དབྱངས་ཤིག་གྱེར་དགོས་ཚེ
འུག་པ་དང་ཁྭ་ཏ་ལས་ལྷག་མེད་དུས
དུས་བྱའི་ཚོགས་ལ
དགོས་མཁོ་གཞན་ཞིག་གི་མགྲིན་པ་བརྣངས་འདུག་པ
ང་ཚོས་གཞི་ནས་ཚོར་བྱུང
            2010.1.7ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།