ཟླ་བ་དཀར་པོ་ཨེ་རེད།
ཟླ་བ་ཞེས་པའི་ཐ་སྙད་འདིའི་ཀློང་དུ་བྱིངས་ཚེ
ངས་སྐྱེ་དངོས་ཀྱི་ཚེ་སྲོག་ཁེགས་པར་འགྲོ་བའི་འཇིག་རྟེན་ཞིག་དྲན་སྲིད
སུ་ཡང་གསོན་ཤིག་ཤིག་གིས་འཚོ་མ་མྱོང་བའི་རྒྱུ་སྐར་དེར་བལྟས་ནས
མུན་ནག་དང་འཁྱག་གྲང་ལ་འབྱར་བའི་གྲོག་རོང་དེ་དྲན
མིག་གིས་གནམ་ལ་བལྟ་ཤེས་པ་ནས
སྟོང་བའི་དབྱིངས་ལ་སེམས་པ་གཟེད་ནས་ཟླ་བ་ཞེས་འབོད་ཐེངས་རེར
རྒྱུ་སྐར་གཞན་དག་གི་འོད་མདངས་མཚར་བོ་ལས
ཁྱེད་ནག་པོའི་ནག་པོ་དེའོ
ལ་ཤས་ཀྱིས་ཁྱེད་རྒྱུ་སྐར་དབུས་ཀྱི་ཟླ་བ་ཞེས་སྤུར་ནའང
ངས་ཁྱེད་མཁའ་དབྱིངས་འདིའི་ཆེས་དམའ་རིམ་གྱི་སྲོག་ཆགས་ཅེས་འབོད་སྲིད
ཁོང་ཁྲོ་མི་ལངས་པར་མཁྱེན ངས་སྐད་ཆ་དྲང་མོར་ལབ་འདོད་ཨང
༢༠༡༢ ༡༠ ༡༣ ནམ་གུང་རང་མལ་ནས།
རྩོམ་ཁུངས། ངེད་དྲ་བ།