ཨ་མ།

གངས་ཕྲུག་བསྟན་འཛིན།༼ཝུའུ་ཧན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-12


གླུ་པ་ཚོས་འགྱུར་ཁུག་གི་གླུ་སྒྲའི་ཁྲོད་ལས་སྙན་འཇེབས་བདུད་བརྩི་ཡིས་བསྟོད་དབྱངས་གྱེར་བའི་ཨ་མ།
སྙན་ངག་པ་ཚོས་ཀ་ཁའི་མུ་ཏིག་སྟར་ཕྲེང་གི་སྒྱུ་རྩལ་ཚིག་ལས་བསྟོད་བསྔགས་ཀྱི་མེ་ཏོག་འཁྲུངས་པའི་ཨ་མ།
ས་སྟེང་འདི་ན་སུང་ཀྱང་དགའ་བའི་ཨ་མ།
དེ་རིང་ང་ཡང་ཟོལ་མེད་ཀྱི་སེམས་པ་དམར་པོར་ལག་ཆུང་ན་ཐོགས་པའི་སྨྱུ་གུ་འགུལ་ཏེ་ཁྱེད་རང་གླེང་འདོད་ཀྱི་སྐུལ་སློང་ཞིག་ངང་གིས་སྐྱེས་བྱུང་།
ཁྱེད་ནི།    ངའི་སྙིང་ཁ་རུ་བཞད་པའི་འཛམ་གླིང་ན་ཆེས་ལྷག་པར་མཛེས་པའི་མེ་ཏོག་ཅིག
ཁྱེད་ཡོད་པས།          ངའི་འཇིག་རྟེན་ནམ་ཡང་དཔྱིད་དཔལ་བཞིན་དུ་རྣམ་པར་བཀྲ།
ཁྱེད་ནི་ནམ་མཁའ་ལས་ཟགས་པའི་ཁ་བའི་འདབ་མ་རེ་རེ་བཞིན།

ལྷག་བསམ་དཀར་པོའི་བྱམས་བརྩེའི་བཀའ་དྲིན།
ངའི་ལུས་ཟུངས་ཀྱི་ཁྲག་རྒྱུན་དང་མཉམ་དུ་བཞུར་ནས་དྲོད་རླབས་འཕྱུར་ཞིང་ཚེ་སྲོག་ལ་རྒྱུན་སྐྱོང་བྱེད།
ཁྱེད་ནི་མཁའ་དབྱིངས་ནས་མཛེས་པའི་སྐར་མ་འོད་ཆེན་ཞིག
ཟུམ་ཟུམ་མིག་མདའ་ཕངས་ཐེངས་རེ་རེར།
མག་མོག་གི་མདུན་བསྐྱོད་ལམ་ཁར་ལམ་སྣེ་བསྟན།
གང་ལྟར།
ནམ་མཁར་ཁ་ཞེང་ཇི་ཙམ་ཡོད་པ་ངས་ཤོད་ཐབས་བྲལ་ལ།
རྒྱ་མཚོ་ཆེན་པོར་གཏིང་མཐའ་ཇི་ཙམ་ཡོད་པའང་དེ་བས་དཔོག་པར་དཀའ།
དེ་ལྟར་བཞིན།
ཁྱེད་ཀྱིས་རང་ཕྲུག་ལ་གདུང་བ་ཅི་ཙམ་ཡོད་པའང་ངས་སྨྱུ་གུ་འགུལ་ཐེངས་གཅིག་གིས་བརྗོད་ག་ལ་ཚར།
དེས་ན།
ཁྱེད་ཀྱིས་རང་ཕྲུག་ལ་གདུང་བའི་བླ་ན་མེད་པའི་གཟི་བརྗིད་ཀྱི་འོད་ཀོང་དེ་དུས་ཞག་གི་ཁོར་མོ་ཡུག་ཏུ་སྐྱེ་རྒུའི་སེམས་ན་རྟ་བདུན་དབང་པོའི་འོད་ཟེར་བཞིན།
གསལ་འཚེར་ལེར་་་་་་་་་་་་་་་་་་་་་་་་་་་་་་་་་་
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ།

2013-05-12 གངས་ཕྲུག་བསྟན་འཛིན།༼ཝུའུ་ཧན༽ ཀློག་གྲངས། མཆན ཡོད།


གླུ་པ་ཚོས་འགྱུར་ཁུག་གི་གླུ་སྒྲའི་ཁྲོད་ལས་སྙན་འཇེབས་བདུད་བརྩི་ཡིས་བསྟོད་དབྱངས་གྱེར་བའི་ཨ་མ།
སྙན་ངག་པ་ཚོས་ཀ་ཁའི་མུ་ཏིག་སྟར་ཕྲེང་གི་སྒྱུ་རྩལ་ཚིག་ལས་བསྟོད་བསྔགས་ཀྱི་མེ་ཏོག་འཁྲུངས་པའི་ཨ་མ།
ས་སྟེང་འདི་ན་སུང་ཀྱང་དགའ་བའི་ཨ་མ།
དེ་རིང་ང་ཡང་ཟོལ་མེད་ཀྱི་སེམས་པ་དམར་པོར་ལག་ཆུང་ན་ཐོགས་པའི་སྨྱུ་གུ་འགུལ་ཏེ་ཁྱེད་རང་གླེང་འདོད་ཀྱི་སྐུལ་སློང་ཞིག་ངང་གིས་སྐྱེས་བྱུང་།
ཁྱེད་ནི།    ངའི་སྙིང་ཁ་རུ་བཞད་པའི་འཛམ་གླིང་ན་ཆེས་ལྷག་པར་མཛེས་པའི་མེ་ཏོག་ཅིག
ཁྱེད་ཡོད་པས།          ངའི་འཇིག་རྟེན་ནམ་ཡང་དཔྱིད་དཔལ་བཞིན་དུ་རྣམ་པར་བཀྲ།
ཁྱེད་ནི་ནམ་མཁའ་ལས་ཟགས་པའི་ཁ་བའི་འདབ་མ་རེ་རེ་བཞིན།

ལྷག་བསམ་དཀར་པོའི་བྱམས་བརྩེའི་བཀའ་དྲིན།
ངའི་ལུས་ཟུངས་ཀྱི་ཁྲག་རྒྱུན་དང་མཉམ་དུ་བཞུར་ནས་དྲོད་རླབས་འཕྱུར་ཞིང་ཚེ་སྲོག་ལ་རྒྱུན་སྐྱོང་བྱེད།
ཁྱེད་ནི་མཁའ་དབྱིངས་ནས་མཛེས་པའི་སྐར་མ་འོད་ཆེན་ཞིག
ཟུམ་ཟུམ་མིག་མདའ་ཕངས་ཐེངས་རེ་རེར།
མག་མོག་གི་མདུན་བསྐྱོད་ལམ་ཁར་ལམ་སྣེ་བསྟན།
གང་ལྟར།
ནམ་མཁར་ཁ་ཞེང་ཇི་ཙམ་ཡོད་པ་ངས་ཤོད་ཐབས་བྲལ་ལ།
རྒྱ་མཚོ་ཆེན་པོར་གཏིང་མཐའ་ཇི་ཙམ་ཡོད་པའང་དེ་བས་དཔོག་པར་དཀའ།
དེ་ལྟར་བཞིན།
ཁྱེད་ཀྱིས་རང་ཕྲུག་ལ་གདུང་བ་ཅི་ཙམ་ཡོད་པའང་ངས་སྨྱུ་གུ་འགུལ་ཐེངས་གཅིག་གིས་བརྗོད་ག་ལ་ཚར།
དེས་ན།
ཁྱེད་ཀྱིས་རང་ཕྲུག་ལ་གདུང་བའི་བླ་ན་མེད་པའི་གཟི་བརྗིད་ཀྱི་འོད་ཀོང་དེ་དུས་ཞག་གི་ཁོར་མོ་ཡུག་ཏུ་སྐྱེ་རྒུའི་སེམས་ན་རྟ་བདུན་དབང་པོའི་འོད་ཟེར་བཞིན།
གསལ་འཚེར་ལེར་་་་་་་་་་་་་་་་་་་་་་་་་་་་་་་་་་
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།