ཡུལ་ཤུལ་ལ་དྲན་པ་ལྷུང་དོན།

             ____༢༠༡༠ ༤ ༡༤ལ་རྗེས་དྲན་དུ།
ཉིན་མོ་འདི་ངས་རྟག་ཏུ་དྲན་ཞིང
འདས་ལོ་ང་བརྒྱད་ཀྱི་དགུན་ཁ་བཞིན་དྲན་འོང
ཉེ་ལོ་འདི་དག་གི་དཔྱིད་ཀ་བཞིན་དྲན་འོང
ལོ་རྒྱུས་དེབ་ཐེར་ལས་ཀྱང་མཐོང་དཀའ་བའི
སྐད་ཅིག་མའི་ཆག་འཇིག་སྟེ
སྲིད་པའི་རྩེ་མོ་གློ་རྡེག་ལ་གས་ཤིང
སྲོད་ཁའི་མུན་པ་ཞོགས་འོད་ལས་འཕྱུར
དུས་ཀྱི་མགོ་མཇུག་སྦུད་པའི་ཉིན་མོ་དེར
ཡབ་ཆེན་གྱི་ཕ་གཞིས
ཁྱོད་ཀྱི་དངོས་མིང་བཞིན་གང་ལ་ཆས་སོང
གོ་ལ་རིལ་མོ་འདིས་ཧབ་རྒྱུག་ཐེངས་གཅིག་གིས
ཡུམ་ཆེན་གྱི་རུམ་ཁུང་འཁྱགས་ལ་ཐེབས་སོང
གཅེས་ཕྲུག་ཚོས་ཨ་ཕ་བོས ཨ་མ་བོས
ཁྱོད་ཀྱིས་སངས་རྒྱས་བོས དགེ་འདུན་བོས
ཁྱོད་ཀྱིས་གཉེན་ཉེ་བོས རྒྱུ་འབྲས་བོས
 
འདི་ནི་རང་བྱུང་གིས་གནང་བའི་ཀུ་རེ་ཡིན་ནམ
ཡང་ན་ཆོས་ཉིད་ཀྱིས་སྤྲད་པའི་བདེན་པ་ཡིན
ཏག་ཏག་ནངས་མོ་དེར
ཁྱོད་ཀྱི་རྩྭ་ཐང་གི་རྟ་རྒོད་ཚོས་བང་རྩལ་འགྲན་པ་བཞིན
ཚེ་སྲོག་ཐམས་ཅད་འཆི་བའི་ཕྱོགས་སུ་རྒྱུག
ནངས་མོ་དེའི་འཆི་བ་དེ་ཐར་བ་ཞིག་ཡིན་ཀྱང་སྲིད
ངས་སྐད་ཅིག་མ་དེས་རྗེས་ནས
ད་གཟོད་ངེས་དོན་གྱི་དམྱལ་བ་མཐོང་བས
ངས་དེ་ལྟར་བསམ ངས་དེ་ལྟར་དྲན
ཞོགས་པ་དེ
རྒྱ་ནག་གིས་འཇར་པན་དྲན་པ་བཞིན
ཨ་རུ་བས་ལྰ་ཏན་དྲན་པ་བཞིན
ཡབ་མེས་ཚོས་རིག་གསར་དྲན་པ་བཞིན
བདག་གིས་ནངས་མོ་དེ་དེ་བཞིན་དྲན
 
ནངས་མོ་དེར་ཡོད་ཚད་བཞུད་སོང
རྙིང་བ་ལ་རྙིང་བའི་དུངས་ཞེན་ཡོད་པ་དེས
གསར་བ་ལ་གསར་བའི་འདུ་ཤེས་ཞིག་ལས
ཡབ་མེས་ཚོའི་ཚབ་ཏུ་གཞན་སུ་ཞིག་གསར་དུ་འགྲེང་ཆོག་གམ
ས་འགུལ་བརྒྱུགས་ཤུལ་གྱི་དུས་དེ་ནས་བཟུང
ལོ་ཟླ་བཞུད་ཤུལ་གྱི་དེ་རིང་གི་བར
ཁྱོད་ལ་གསར་སྐྱེས་ཀྱི་ཚེ་སྲོག་དུ་ཡོད
དེ་ནི་ཁྱོད་ཀྱི་གསར་བ་ཡིན
དེ་ནི་ང་ཚོའི་རེ་བ་ཡིན
 
ཡུལ་ཤུལ ལྷ་ཚོགས་དང་མཉམ་དུ
ཡུལ་ཤུལ གོ་མཚོན་དང་ལྷན་དུ
འབྲི་ཆུའི་སྟོད་བརྒྱུད་ཀྱི་རི་ཚོགས་དབང་དུ་བསྒྱུར་མཁན་ཡིན་ནམ
ཡང་ན་འབྲི་ཆུའི་སྟོད་ཀྱི་རི་ཚོགས་ཀྱིས་དབང་དུ་བསྒྱུར་བ་དེ་ཚོ་ཡིན
ཡུལ་ཤུལ་ལ་མིག་ཆུ་ལྷུང་དོན་ཁྲག་གི་དོན་ཡིན
ཡུལ་ཤུལ་ལ་དྲན་པ་གནས་དོན་ཡང་རུས་པའི་ཆེད་ཡིན
ས་ཆེན་གྱི་བརྩེ་དགོད་ཐེངས་གཅིག་གི་རྗེས་ནས
ཁྱོད་ཀྱི་ཡབ་ཡུམ་ཚོ
གསོལ་འདེབས་ལས་རྙེད་པའི་ལམ་བུ་དང་ཕྱོགས་སོང
ཁྱོད་ཀྱི་མ་འོངས་པ
འབྲི་ཆུའི་བཞུར་རྒྱུན་དང་བསྟུན་ནས་སྨད་ལ་ཆས་སོང
ཁྱོད་ད་ལྟ་ཁྱོད་ཡིན་ནམ
ཡུལ་ཤུལ་ཡིན་ནམ
སྒ་ཡུལ་ཡིན་ནམ
ཁམས་པ་ཡིན་ནམ
ཁྱོད་ཀྱི་བཞུད་ཚུལ་སྟོབས་དང་ལྡན་ཡང་སྲིད
གང་ལྟར་ཁྱོད་ཀྱི་རུས་པ་དོན་དང་ལྡན་དགོས
ང་ཡི་ཁམས་པ ང་ཡི་མི་རིགས ང་ཡི་བོད
   ༢༠༡༣ ༤ ༡༤ ཞོགས་པར་མཚོ་ལྷོ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་ཤུལ་ལ་དྲན་པ་ལྷུང་དོན།

2013-05-07 དཀར་དམར། ཀློག་གྲངས། མཆན ཡོད།

             ____༢༠༡༠ ༤ ༡༤ལ་རྗེས་དྲན་དུ།
ཉིན་མོ་འདི་ངས་རྟག་ཏུ་དྲན་ཞིང
འདས་ལོ་ང་བརྒྱད་ཀྱི་དགུན་ཁ་བཞིན་དྲན་འོང
ཉེ་ལོ་འདི་དག་གི་དཔྱིད་ཀ་བཞིན་དྲན་འོང
ལོ་རྒྱུས་དེབ་ཐེར་ལས་ཀྱང་མཐོང་དཀའ་བའི
སྐད་ཅིག་མའི་ཆག་འཇིག་སྟེ
སྲིད་པའི་རྩེ་མོ་གློ་རྡེག་ལ་གས་ཤིང
སྲོད་ཁའི་མུན་པ་ཞོགས་འོད་ལས་འཕྱུར
དུས་ཀྱི་མགོ་མཇུག་སྦུད་པའི་ཉིན་མོ་དེར
ཡབ་ཆེན་གྱི་ཕ་གཞིས
ཁྱོད་ཀྱི་དངོས་མིང་བཞིན་གང་ལ་ཆས་སོང
གོ་ལ་རིལ་མོ་འདིས་ཧབ་རྒྱུག་ཐེངས་གཅིག་གིས
ཡུམ་ཆེན་གྱི་རུམ་ཁུང་འཁྱགས་ལ་ཐེབས་སོང
གཅེས་ཕྲུག་ཚོས་ཨ་ཕ་བོས ཨ་མ་བོས
ཁྱོད་ཀྱིས་སངས་རྒྱས་བོས དགེ་འདུན་བོས
ཁྱོད་ཀྱིས་གཉེན་ཉེ་བོས རྒྱུ་འབྲས་བོས
 
འདི་ནི་རང་བྱུང་གིས་གནང་བའི་ཀུ་རེ་ཡིན་ནམ
ཡང་ན་ཆོས་ཉིད་ཀྱིས་སྤྲད་པའི་བདེན་པ་ཡིན
ཏག་ཏག་ནངས་མོ་དེར
ཁྱོད་ཀྱི་རྩྭ་ཐང་གི་རྟ་རྒོད་ཚོས་བང་རྩལ་འགྲན་པ་བཞིན
ཚེ་སྲོག་ཐམས་ཅད་འཆི་བའི་ཕྱོགས་སུ་རྒྱུག
ནངས་མོ་དེའི་འཆི་བ་དེ་ཐར་བ་ཞིག་ཡིན་ཀྱང་སྲིད
ངས་སྐད་ཅིག་མ་དེས་རྗེས་ནས
ད་གཟོད་ངེས་དོན་གྱི་དམྱལ་བ་མཐོང་བས
ངས་དེ་ལྟར་བསམ ངས་དེ་ལྟར་དྲན
ཞོགས་པ་དེ
རྒྱ་ནག་གིས་འཇར་པན་དྲན་པ་བཞིན
ཨ་རུ་བས་ལྰ་ཏན་དྲན་པ་བཞིན
ཡབ་མེས་ཚོས་རིག་གསར་དྲན་པ་བཞིན
བདག་གིས་ནངས་མོ་དེ་དེ་བཞིན་དྲན
 
ནངས་མོ་དེར་ཡོད་ཚད་བཞུད་སོང
རྙིང་བ་ལ་རྙིང་བའི་དུངས་ཞེན་ཡོད་པ་དེས
གསར་བ་ལ་གསར་བའི་འདུ་ཤེས་ཞིག་ལས
ཡབ་མེས་ཚོའི་ཚབ་ཏུ་གཞན་སུ་ཞིག་གསར་དུ་འགྲེང་ཆོག་གམ
ས་འགུལ་བརྒྱུགས་ཤུལ་གྱི་དུས་དེ་ནས་བཟུང
ལོ་ཟླ་བཞུད་ཤུལ་གྱི་དེ་རིང་གི་བར
ཁྱོད་ལ་གསར་སྐྱེས་ཀྱི་ཚེ་སྲོག་དུ་ཡོད
དེ་ནི་ཁྱོད་ཀྱི་གསར་བ་ཡིན
དེ་ནི་ང་ཚོའི་རེ་བ་ཡིན
 
ཡུལ་ཤུལ ལྷ་ཚོགས་དང་མཉམ་དུ
ཡུལ་ཤུལ གོ་མཚོན་དང་ལྷན་དུ
འབྲི་ཆུའི་སྟོད་བརྒྱུད་ཀྱི་རི་ཚོགས་དབང་དུ་བསྒྱུར་མཁན་ཡིན་ནམ
ཡང་ན་འབྲི་ཆུའི་སྟོད་ཀྱི་རི་ཚོགས་ཀྱིས་དབང་དུ་བསྒྱུར་བ་དེ་ཚོ་ཡིན
ཡུལ་ཤུལ་ལ་མིག་ཆུ་ལྷུང་དོན་ཁྲག་གི་དོན་ཡིན
ཡུལ་ཤུལ་ལ་དྲན་པ་གནས་དོན་ཡང་རུས་པའི་ཆེད་ཡིན
ས་ཆེན་གྱི་བརྩེ་དགོད་ཐེངས་གཅིག་གི་རྗེས་ནས
ཁྱོད་ཀྱི་ཡབ་ཡུམ་ཚོ
གསོལ་འདེབས་ལས་རྙེད་པའི་ལམ་བུ་དང་ཕྱོགས་སོང
ཁྱོད་ཀྱི་མ་འོངས་པ
འབྲི་ཆུའི་བཞུར་རྒྱུན་དང་བསྟུན་ནས་སྨད་ལ་ཆས་སོང
ཁྱོད་ད་ལྟ་ཁྱོད་ཡིན་ནམ
ཡུལ་ཤུལ་ཡིན་ནམ
སྒ་ཡུལ་ཡིན་ནམ
ཁམས་པ་ཡིན་ནམ
ཁྱོད་ཀྱི་བཞུད་ཚུལ་སྟོབས་དང་ལྡན་ཡང་སྲིད
གང་ལྟར་ཁྱོད་ཀྱི་རུས་པ་དོན་དང་ལྡན་དགོས
ང་ཡི་ཁམས་པ ང་ཡི་མི་རིགས ང་ཡི་བོད
   ༢༠༡༣ ༤ ༡༤ ཞོགས་པར་མཚོ་ལྷོ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།