འབྲུག་ཡུལ་ནས་འབྲུག་མོ་ཞིག་འཕྲད་པ།
འབྲུག་མོ། ཁྱོད་ནི་ངའི་གཙང་འགྲམ་གྱི་མེ་ཏོག་འཐུ་རོགས་མིན་ལ།
ངའི་རྨི་ལམ་གྱི་ཆུང་འདྲིས་བྱམས་པ་དེ་མིན།
སྟེས་དབང་མིན་པའི་སྐར་མདའ་ཞིག་འཕུར་ཚར་རྗེས།
ཁྱོད་ནི་ད་གཟོད། ངའི་ཞག་གཅིག་གི་འདུག་རོགས་ཡིན།
འབྲུག་མོ། ཁྱེད་ལ་སེང་ལྕམ་འབྲུག་མོ་ལྟ་བུའི་མཛེས་ཉམས་མེད་ཀྱང་།
ཁྱེད་ལ་ནུབ་ཕྱོགས་བུ་མོ་ལྟ་བུའི་ཆགས་ཉམས་མེད་ཀྱང་།
འགུགས་ཤུགས་གཞན་ཞིག་གིས།
ངའི་རྩ་ཆེན་དྲུག་པོ་དུས་གཅིག་ལ་གཏོར་བྱུང་།
དཀར་འཇམ་གྱི་བརླ་ཤ་དང་ནུ་མའི་བར་ན།
ངས་ཅི་ཞིག་བཙལ་བཞིན་ཡོད།
ང་ལ་དགོས་པ་དེ་ཁྱོད་སྟེང་ན་མི་འདུག
འབྲུག་མོ། ལོ་ཟླ་ལ་དགོས་མཁོ་མེད་ཚེ།
ཐེངས་གཅིག་ལས་གཞན་མ་བསམ་རོགས།
ཁྱེད་ཀྱི་གསང་མཚན་ལ་འདོམས་སྤུ་མེད་དོན་ཅི།
ཁྱེད་ཀྱི་ནུ་མའི་རྩེ་ཏོག་སུ་ཡིས་བཅད།
ཁྱེད་ཀྱིས་ངའི་མཇེ་རྩེ་ཁ་ཡིས་མི་འཇིབ་དོན་ཅི།
དུས་འདིར། ངས་ཕྱི་གླིང་མགོ་སེར་ཞིག་གི་དྲོད་ཤ་དྲན་བྱུང་།
ཨ་ནེ་མཁའ་འགྲོ་མའི་སྒྱུ་རྩལ་དྲན་བྱུང་།
འབྲུག་མོ། ད་ནི་དེ་ཙམ་གྱིས་ཆོག་པར་བྱ།
ཐེངས་གཅིག་ལས་ང་ལ་འདོད་པ་མི་འདུག
ཁྱེད་ཀྱི་གསང་གནས་ལ་ཞབས་དང་མཐའ་མེད་དོན་ཅི།
ངའི་ལུས་ཀྱི་སྟོབས་ཤུགས་ཡོངས་སུ་ཟད།
རྩོམ་ཁུངས། ངེད་དྲ་བ།