མདང་དགོང་། ཆར་བ་འབབ་ཀྱིན་འདུག
རྨི་ལམ་ཞིག་མ་ཡིན་པར
འདང་དགོང་དངོས་གནས་ཆར་བ་འབབ་ཀྱིན་འདུག
སྒེའུ་ཁུང་གི་འགྲམ་ནས་སེམས་པ་འདི་དག་གཙང་དུ་འཁྲུངས་ཤིང
གློག་སྒྲོན་གྱི་ཟུར་དུ་ཆར་བ་དག་མུ་ཏིག་བཞིན་ས་ལ་ཟགས་འོང
བསྡད་ཀྱིན་བསྡད་ཀྱིན
ཆར་བ་དག་ང་ཡི་སེམས་ལ་བབས་པ་དང་འདྲ་བར
སེམས་པ་འདི་ཆར་བའི་ཁྲོད་དུ་བག་ཕེབས་ཐེངས་ཤིག་བཞུར་རྗེས
སྐྲ་ལོའང་ཆར་ལ་རྐྱལ་ནས་ང་ཡི་གཏི་མུག་དག་སློང་བར་འདྲ་བྱུང
འདི་ལྟར ང་རང་ཆར་བ་ལ་བརྒྱུས་ནས
ང་ཡི་ཤ་ཁྲག་རུས་གསུམ་དག་བརླན་པར་བཏང་རྗེས
ལྗང་ནེམ་ནེམ་གྱི་སྐྱེས་སྟོབས་ཆུང་ཆུང་དག་གི་གསེབ་དུ
ང་ནི་ད་སོ་མར་འབུས་འགོ་ཚུགས་པའི་མྱུ་གུ་ཆུང་ཆུང་ཞིག་ཏུ་གྲུབ་འདུག
༢༠༡༣ལོའི་ཟླ་༤བའི་ཚེས་༤་ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།