སེམས་ཀྱི་མགྲོན་པོ་བཞུད་སོང་།


ཡིད་ཀྱི་ཟབ་ས་གང་ཞིག་ཏུ།
ཨུ་ཚུགས་ཀྱིས་ཟུག་མྱོང་བའི་བརྩེ་བ་རྙིང་སོང་།
ས་རྡོ་དང་གད་སྙིགས་ཀྱི་ཁྲོད་ནས།
ཤུགས་རིང་ནར་ནར་གྱིས་གང་ཞིག་ལ་འཁྱམས་སོང་རྗེས།
བློ་ཕམ་དང་ཡིད་ཆད་ཀྱིས་སླར་ལོག་དུས།
བརྩེ་བ་གྲང་ཤུར་ཤུར་དུ་ལྡང་སོང་།
སེམས་པ་འཁྱག་སིབ་སིབ་ཏུ་བཞུར་སོང་།

བརྡར་ཟད་དུ་སོང་བའི་དམ་ཚིག་གི་མདུད་པ་དེའི་ཆེད་དུ།
སྙིང་ཁར་ཨམ་ཙིགས་བསྡམས་དྲགས་པས།
བྱེ་མ་མཛུབ་བར་ནས་ཤོར་སོང་།
མདུད་པ་སྙིང་དབུས་ནས་ལྷོད་སོང་།
དམ་ཚིག་ཀྱང་ལྷོད་སོང་།
བརྩེ་བ་ཡང་གྲོལ་སོང་།

བློས་བླངས་ཀྱིས་བཞེངས་པའི་ཁྱིམ་གཞིས་གྲུ་བཞི་དེ།
གཟི་བརྗིད་ཀྱིས་འགྱིང་འདུག
སྟོང་བསམ་གྱིས་བསྐྲུན་པའི་ཚང་མལ་ཆུང་ངུ་དེ།
མཛེས་སྡུག་གིས་འཁྱིལ་འདུག
ཚོན་མདོག་གི་ཤུན་པ་བཤུས་རྗེས།
སྐྱ་ཐལ་ཐལ་གྱི་མིག་ཟུང་ལ།
ཐམས་ཅད་སྟོང་སང་སང་།

རླུང་བུ་འུར་འུར་དུ་ལྡང་བྱུང་།
སེམས་པ་ཡང་ལྷན་དུ་ལྡང་སོང་།
བར་མཚམས་མེད་པར།
ཁ་ཕྱོགས་མེད་པར།
ཆོས་ཉིད་མེད་པར།
གཏན་ནས་གཏན་དུ་ཕྱིར་མི་ལྡོག་པར་་་་་་་་་་་
    ༢༠༡༣ལོའི་ཟླ་བ༤པའི་ཚེས༡༣ཉིན་གྱི་མཚན་མོར་ཉལ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་མགྲོན་པོ་བཞུད་སོང་།

2013-05-05 འུག་པ། ཀློག་གྲངས། མཆན ཡོད།


ཡིད་ཀྱི་ཟབ་ས་གང་ཞིག་ཏུ།
ཨུ་ཚུགས་ཀྱིས་ཟུག་མྱོང་བའི་བརྩེ་བ་རྙིང་སོང་།
ས་རྡོ་དང་གད་སྙིགས་ཀྱི་ཁྲོད་ནས།
ཤུགས་རིང་ནར་ནར་གྱིས་གང་ཞིག་ལ་འཁྱམས་སོང་རྗེས།
བློ་ཕམ་དང་ཡིད་ཆད་ཀྱིས་སླར་ལོག་དུས།
བརྩེ་བ་གྲང་ཤུར་ཤུར་དུ་ལྡང་སོང་།
སེམས་པ་འཁྱག་སིབ་སིབ་ཏུ་བཞུར་སོང་།

བརྡར་ཟད་དུ་སོང་བའི་དམ་ཚིག་གི་མདུད་པ་དེའི་ཆེད་དུ།
སྙིང་ཁར་ཨམ་ཙིགས་བསྡམས་དྲགས་པས།
བྱེ་མ་མཛུབ་བར་ནས་ཤོར་སོང་།
མདུད་པ་སྙིང་དབུས་ནས་ལྷོད་སོང་།
དམ་ཚིག་ཀྱང་ལྷོད་སོང་།
བརྩེ་བ་ཡང་གྲོལ་སོང་།

བློས་བླངས་ཀྱིས་བཞེངས་པའི་ཁྱིམ་གཞིས་གྲུ་བཞི་དེ།
གཟི་བརྗིད་ཀྱིས་འགྱིང་འདུག
སྟོང་བསམ་གྱིས་བསྐྲུན་པའི་ཚང་མལ་ཆུང་ངུ་དེ།
མཛེས་སྡུག་གིས་འཁྱིལ་འདུག
ཚོན་མདོག་གི་ཤུན་པ་བཤུས་རྗེས།
སྐྱ་ཐལ་ཐལ་གྱི་མིག་ཟུང་ལ།
ཐམས་ཅད་སྟོང་སང་སང་།

རླུང་བུ་འུར་འུར་དུ་ལྡང་བྱུང་།
སེམས་པ་ཡང་ལྷན་དུ་ལྡང་སོང་།
བར་མཚམས་མེད་པར།
ཁ་ཕྱོགས་མེད་པར།
ཆོས་ཉིད་མེད་པར།
གཏན་ནས་གཏན་དུ་ཕྱིར་མི་ལྡོག་པར་་་་་་་་་་་
    ༢༠༡༣ལོའི་ཟླ་བ༤པའི་ཚེས༡༣ཉིན་གྱི་མཚན་མོར་ཉལ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།