སྨན་ཁང་།

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-05


ལོ་མང་སྤྲོ་སྐྱིད་ལ་རོལ་བའི་ཚེ་སྲོག་མང་པོ།
ག་ལེར་འཇིག་རྟེན་འཚོ་བ་དང་རིམ་གྱིས་གྱེས་པས།
སྨན་ཁང་ན་སྐྱོ་གདུང་གི་སྨྲེ་སྔགས་རྒྱུན་མི་ཆད།
ལོ་མང་ནད་གདུང་གིས་མནར་བའི་ཚེ་སྲོག་མང་པོ།
ག་ལེར་བདེ་ཐང་གི་འཚོ་བར་ངང་གིས་ཕྱོགས་པས།
སྨན་ཁང་ན་དགའ་སྤྲོ་ཡི་འབོད་སྒྲ་མཚམས་མི་འཇོག

སྨན་ཁང་ན་ཕྱི་ནང་གཉིས་ཀ་དཀར་བའི་སྨན་པ་མང་པོ།
ཚེ་སྲོག་མང་པོར་ནད་གདུང་གི་མུན་པ་སེལ་བཞིན།
ལུས་སེམས་མང་པོར་བདེ་ཐང་གི་འཚོ་བ་བསྐྲུན་བཞིན་འདའ།
སྨན་ཁང་ན་ལུས་སེམས་གཉིས་ཀ་གདུང་བའི་ནད་པ་མང་པོ།
རྣ་གཡེང་ལེ་ལོས་ལོ་ཟླ་ཕུད་པའི་ཕམ་ཁ་མྱོང་བཞིན།
སྡུག་ཡུས་མིག་ཆུས་ཚེ་སྲོག་ངོ་མའི་རིན་ཐང་ཚོར་བཞིན་འདའ།

གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞག་པ་དེ་ཕོག་ཟིན་ཚེ།
སྨན་ཁང་ནས་རྫོགས་ཤད་འཐེན་པའི་ཚེ་སྲོག་མང་ལ།
ལས་འབྲས་སླུ་མེད་གཡང་ལ་རྐང་པ་དེ་ཤོར་ཟིན་ཚེ།
སྨན་ཁང་ནས་བཞི་ཤད་བརྒྱབ་པའི་ཚེ་སྲོག་མང་བས།
སྨན་ཁང་ན་ཚེ་སྲོག་གི་བསླུ་བྲིད་མེད་ལ།
སྨན་ཁང་ན་ཚེ་སྲོག་གི་ཉོ་འཚོང་མེད་ཅིང་།
སྨན་ཁང་ན་ཡོད་ཚད་ཚངས་ཐིག་བཞིན་འདྲོངས་བས།
སྨན་ཁང་།    དམྱལ་ཁམས་ཀྱི་གཞུང་སྒོ་ངོ་མ་དེ་ཡིན་ཨང་།   


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨན་ཁང་།

2013-05-05 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


ལོ་མང་སྤྲོ་སྐྱིད་ལ་རོལ་བའི་ཚེ་སྲོག་མང་པོ།
ག་ལེར་འཇིག་རྟེན་འཚོ་བ་དང་རིམ་གྱིས་གྱེས་པས།
སྨན་ཁང་ན་སྐྱོ་གདུང་གི་སྨྲེ་སྔགས་རྒྱུན་མི་ཆད།
ལོ་མང་ནད་གདུང་གིས་མནར་བའི་ཚེ་སྲོག་མང་པོ།
ག་ལེར་བདེ་ཐང་གི་འཚོ་བར་ངང་གིས་ཕྱོགས་པས།
སྨན་ཁང་ན་དགའ་སྤྲོ་ཡི་འབོད་སྒྲ་མཚམས་མི་འཇོག

སྨན་ཁང་ན་ཕྱི་ནང་གཉིས་ཀ་དཀར་བའི་སྨན་པ་མང་པོ།
ཚེ་སྲོག་མང་པོར་ནད་གདུང་གི་མུན་པ་སེལ་བཞིན།
ལུས་སེམས་མང་པོར་བདེ་ཐང་གི་འཚོ་བ་བསྐྲུན་བཞིན་འདའ།
སྨན་ཁང་ན་ལུས་སེམས་གཉིས་ཀ་གདུང་བའི་ནད་པ་མང་པོ།
རྣ་གཡེང་ལེ་ལོས་ལོ་ཟླ་ཕུད་པའི་ཕམ་ཁ་མྱོང་བཞིན།
སྡུག་ཡུས་མིག་ཆུས་ཚེ་སྲོག་ངོ་མའི་རིན་ཐང་ཚོར་བཞིན་འདའ།

གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞག་པ་དེ་ཕོག་ཟིན་ཚེ།
སྨན་ཁང་ནས་རྫོགས་ཤད་འཐེན་པའི་ཚེ་སྲོག་མང་ལ།
ལས་འབྲས་སླུ་མེད་གཡང་ལ་རྐང་པ་དེ་ཤོར་ཟིན་ཚེ།
སྨན་ཁང་ནས་བཞི་ཤད་བརྒྱབ་པའི་ཚེ་སྲོག་མང་བས།
སྨན་ཁང་ན་ཚེ་སྲོག་གི་བསླུ་བྲིད་མེད་ལ།
སྨན་ཁང་ན་ཚེ་སྲོག་གི་ཉོ་འཚོང་མེད་ཅིང་།
སྨན་ཁང་ན་ཡོད་ཚད་ཚངས་ཐིག་བཞིན་འདྲོངས་བས།
སྨན་ཁང་།    དམྱལ་ཁམས་ཀྱི་གཞུང་སྒོ་ངོ་མ་དེ་ཡིན་ཨང་།   


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།