པ་སངས་སྙེག་པ།
ཁ་བ་མ་བབས་པའི་སྔ་རོལ་དུ
སྲང་ལམ་ཉུལ་གྱིན
པ་སངས་ཀྱི་རྐང་རྗེས་ལག་པས་མནན
སྐར་མའི་གྲང་འདར་ལ་ཤེད་ཀྱིས་འཐམ་ནས
རྨི་ལམ་ལ་རེ་བ་བཏང
རྨི་ལམ་ལས་འོད་ཀྱི་མཚན་མོ་ཞིག་ཕྱིར་གསོན
ཁ་བ་ཧྲུག་ཧྲུག་ཏུ་བབས
སྲང་ལམ་ཡང་ལྷིང་ངེར་གྱུར
ཁྱོད་ཀྱང་གཉིད་དུ་ཡུར་སོང་བས
ང་ཡང་པ་སངས་ཀྱི་ཤག་ཏུ་བགྲོད་པར་བྱ
ཟླ་ཚེས་ཡག་པོ་ཞིག་ལ།
རྩོམ་ཁུངས། ངེད་དྲ་བ།