སྙིང་གི་ནོར་བུར་སྤྲིངས་པ།

ཀ་ཁའི་རྒྱང་འབོད།༼ལྷོ་ཁ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-25

           ༡
ཤེས་རིག་གི་དྲི་ཞིམ་འཐུལ་བའི་བྱིས་གསོ་ཁང་དེར
རྒྱ་བོད་མི་རིགས་བཤེས་གཉེན་གྱི་དྲོ་སྐྱིད་མྱོང་གིན་ཡོད་དམ
སེམས་ཁམས་ཀྱི་ལྷད་མེད་འཇིག་རྟེན་ཆུང་ངུ་རི་མོའི་གཟུགས་སུ་ཕབ་ཀྱིན་ཡོད་དམ

ཁྱེད་འགྲོ་དགོས། ངེས་པར་དུ་འགྲོ་དགོས
དགོད་སྒྲ་དང་ངུ་སྒྲས་ཁེངས་པའི་སློབ་ཁང་གྲུ་བཞི
རྩེད་མཚར་དང་ཡ་མཚན་གྱི་འཁྲུངས་པའི་སློབ་གསོའི་གཞི་ཁྱིམ
ཀ་ཁའི་དབྱངས་རྟ་ངག་ནས་ལྷང་ལྷང་འཁྱིལ་ཞིང
བཤེས་གཉེན་གྱི་བྱམས་བརྩེའི་མྱོས་བྱེད་བདུད་རྩིས་བཟི་བའི
གནས་དེ་རུ་སྟག་རྒོད་བཞིན་མཆོངས་ཤིག
གནས་དེ་ནི་ཁྱེད་ཀྱི
ཕུགས་བསམ་ཀྱི་གཤོག་རྩལ་སྦྱོང་བའི་ཁོད་ཡངས་ནམ་མཁའ་དང
མི་ཚེའི་འགྲུལ་བཞུད་ཀྱི་སྙིང་དོན་འཚོལ་བའི་གཞི་མ་ཡིན་ལ
བདེ་སྡུག་དང་བླང་དོར་ལ་ཤན་འབྱེད་བྱེད་པོའི་མགོན་སྐྱབས་ཡང་ཡིན
         ༢
ཕ་མ་གཉིས་ཀྱི་བྱམས་སྐྱོང་གི་ཉི་འོད་ཕྲ་ལ
གདོང་ཐུག་གི་སེམས་གཏམ་བརྗོད་པའི་བསྐལ་བ་དབུལ་དུས
ཁྱེད་ཀྱི་སེམས་པ་དྲན་པས་གཙེས་ཡོད་ཤག་ལ
ཐུག་འདོད་ཀྱི་བློ་སྦྲང་ཆར་བཞིན་སེམས་ཁོང་དུ་ཤག་ཤག་ངང་འབབ་ཀྱིན་ཡོད་ཤག་རེད
ལ་དང་ཀླུང་གི་ཆོད་པའི་ཐག་རིང་ཡུལ་ཞིག་ནས
ཁྱེད་ལ་དགའ་ཞིང་དུང་བའི་ཕ་མ་གཉིས་ཀྱང
དྲན་སེམས་ཀྱི་ཆུ་མོའི་རྦ་རླབས་དགུང་ལ་འཕྱོ་ཞིང
ཐུག་འདོད་ཀྱི་བློ་མེ་ལྕེ་བཞིན་དྲག་ཏུ་འབར་ཀྱིན་གདའ
         ༢༠༡༣ལོའི་ཟླ་༤པའི་ཚེས་༢ཉིན་ཕྱི་དྲི་ཉལ་ཁང་ནས་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གི་ནོར་བུར་སྤྲིངས་པ།

2013-04-25 ཀ་ཁའི་རྒྱང་འབོད།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།

           ༡
ཤེས་རིག་གི་དྲི་ཞིམ་འཐུལ་བའི་བྱིས་གསོ་ཁང་དེར
རྒྱ་བོད་མི་རིགས་བཤེས་གཉེན་གྱི་དྲོ་སྐྱིད་མྱོང་གིན་ཡོད་དམ
སེམས་ཁམས་ཀྱི་ལྷད་མེད་འཇིག་རྟེན་ཆུང་ངུ་རི་མོའི་གཟུགས་སུ་ཕབ་ཀྱིན་ཡོད་དམ

ཁྱེད་འགྲོ་དགོས། ངེས་པར་དུ་འགྲོ་དགོས
དགོད་སྒྲ་དང་ངུ་སྒྲས་ཁེངས་པའི་སློབ་ཁང་གྲུ་བཞི
རྩེད་མཚར་དང་ཡ་མཚན་གྱི་འཁྲུངས་པའི་སློབ་གསོའི་གཞི་ཁྱིམ
ཀ་ཁའི་དབྱངས་རྟ་ངག་ནས་ལྷང་ལྷང་འཁྱིལ་ཞིང
བཤེས་གཉེན་གྱི་བྱམས་བརྩེའི་མྱོས་བྱེད་བདུད་རྩིས་བཟི་བའི
གནས་དེ་རུ་སྟག་རྒོད་བཞིན་མཆོངས་ཤིག
གནས་དེ་ནི་ཁྱེད་ཀྱི
ཕུགས་བསམ་ཀྱི་གཤོག་རྩལ་སྦྱོང་བའི་ཁོད་ཡངས་ནམ་མཁའ་དང
མི་ཚེའི་འགྲུལ་བཞུད་ཀྱི་སྙིང་དོན་འཚོལ་བའི་གཞི་མ་ཡིན་ལ
བདེ་སྡུག་དང་བླང་དོར་ལ་ཤན་འབྱེད་བྱེད་པོའི་མགོན་སྐྱབས་ཡང་ཡིན
         ༢
ཕ་མ་གཉིས་ཀྱི་བྱམས་སྐྱོང་གི་ཉི་འོད་ཕྲ་ལ
གདོང་ཐུག་གི་སེམས་གཏམ་བརྗོད་པའི་བསྐལ་བ་དབུལ་དུས
ཁྱེད་ཀྱི་སེམས་པ་དྲན་པས་གཙེས་ཡོད་ཤག་ལ
ཐུག་འདོད་ཀྱི་བློ་སྦྲང་ཆར་བཞིན་སེམས་ཁོང་དུ་ཤག་ཤག་ངང་འབབ་ཀྱིན་ཡོད་ཤག་རེད
ལ་དང་ཀླུང་གི་ཆོད་པའི་ཐག་རིང་ཡུལ་ཞིག་ནས
ཁྱེད་ལ་དགའ་ཞིང་དུང་བའི་ཕ་མ་གཉིས་ཀྱང
དྲན་སེམས་ཀྱི་ཆུ་མོའི་རྦ་རླབས་དགུང་ལ་འཕྱོ་ཞིང
ཐུག་འདོད་ཀྱི་བློ་མེ་ལྕེ་བཞིན་དྲག་ཏུ་འབར་ཀྱིན་གདའ
         ༢༠༡༣ལོའི་ཟླ་༤པའི་ཚེས་༢ཉིན་ཕྱི་དྲི་ཉལ་ཁང་ནས་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།