ལྷད་མེད་ཀྱི་སྙིང་གཏམ།
ལ་གླུ་རྒྱུས་ཡོད་དེ་ལེན་དུས།
བྱང་ཐང་གི་འབྲོག་མོ།
ཁྱེད་ཀྱིས་ང་ལ་ཨ་ལན་ཅིག་སྟེར་རོགས།
སྙིང་གཏམ་རྒྱུས་ཡོད་དེ་ཤོད་དུས།
ཞིང་ཐང་གི་བུ་མོ།
ཁྱོད་ཀྱིས་ང་ལ་གཏམ་ལན་རེ་གནང་རོགས།
ལ་གླུ་འདི།
ཕ་སྤྲེལ་རྒན་གྱི་བྱམས་སེམས་ནས་བརྡོལ་སོང་།
སྙིང་གཏམ་འདི།
མ་བྲག་སྲིན་གྱི་བརྩེ་བ་ནས་འཕྱུར་སོང་།
སེམས་གཏིང་ནས་བརྡོལ་བའི་དབྱངས།
སྙིང་དབུས་ནས་འཕྱུར་བའི་གཏམ།
ལ་རྒྱ་དང་བརྩེ་བ་དྭངས་མ་དག་བསྡུས་ནས།
བྱམས་སེམས་དང་སྙིང་རྗེ་ཡི་རྩ་བ་དག་སྤུངས་ནས།
སྙིང་ཁོང་རུས་པའི་གཏིང་ནས་ཁྱོད་ལ་བརྗོད་དུས།
བྱང་ཐང་གྱི་འབྲོག་མོ།
ཞིང་ཐང་གི་བུ་མོ།
ཁྱེད་ཀྱིས་ང་ལ་ཡང་།
ལྷད་མེད་ཀྱི་གཏམ་ལན་རེ་གནོངས་དང་།
རྩོམ་ཁུངས། ངེད་དྲ་བ།