སེམས་ཀྱིས་འཚོལ་བཞིན་སེམས་པ་སྐྱོ་ཡོད།


ཉི་མ་དང་ཟླ་བ། སྐར་ཚོགས།
ཚང་མ་ངའི་མིག་གོང་ནས་ཤོར་ཏེ་རྒྱང་རིང་དུ་ཡལ་སོང་།
ཤོར་ཟིན་པ་ན་ཟུག་གིས་བྲིས་པའི་རེ་སྨོན་ཞིག
ཡལ་ཟིན་པ་མིག་ཆུ་ཡིས་འཆད་པའི་གཏམ་རྒྱུད་ཅིག
སྐད་ཅིག་མའི་རྟོག་འགྱུའི་ཁྲོད།
སེམས་ཅན་མང་པོའི་སེམས་འདུན།
མཐའ་འཁོབ་མུན་ནག་ཏུ་སྤྱུགས་སོང་།
 
ཁྱི་སྤྱང་སྟོང་གི་ཐན་སྐད་འགེངས་བའི་གནམ་འོག་ན།
སེམས་ཅན་མང་པོས། ཁ་མུར་མུར་ཁ་ཏོན་ཟློ་བཞིན།
སུ་ཞིག་སྐྱབས་སུ་རེ་ཡང་།
སྐྱབས་གནས་གང་ཞིག་འཚོལ་བར་བྱེར་སོང་།
 
ང་ཁོ་ནས་འདི་ལྟར།
འཇགས་དཀའ་བའི་རླུང་སྒྲ་ལ་ཉན་བཞིན།
བཟོད་དཀའ་བའི་ཁེར་རྐྱང་ལ་རྒོལ་བཞིན།
སེམས་མཐུན་ལས་ཀྱི་ཚེ་གྲོགས་ཤིག
སེམས་ཀྱིས་སྒུག་བཞིན་སེམས་པ་སྐྱོ་ཡོད།
 
འདི་ལྟར་ང་ཁོ་ན།
གངས་འདབས་སུ་ལོ་བརྒྱར་གསོན་ཡང་།
གངས་རླུང་ཁོ་ན་ངའི་ལོངས་སྤྱོད་ཡིན་འདུག
དར་ལྕོག་ཁ་གང་བསྒྲེང་ནས་རླུང་རྟ་རུམ་གང་སྤུར་འདོད།
འོན་ཀྱང་། རྐང་རྡུམ་ལག་ཆད་ཀྱི་ང་ཁོ་ན།
གངས་འདབས་སུ་མུ་རུ་འཚོ་དགོས་བྱུང་།
 
རྟོག་ཡུལ་ན།
སེང་གེ་དང་སྦྲུལ།  དོམ་དང་དྲེད།
ཝ་དང་ཅེ་སྤྱང་་་་་་་ སེམས་ཅན་མང་བོ།
གངས་འདབས་སུ་སྣ་ཚོགས་ཐབས་ཀྱིས་འཚོ་དུས།
འོད་ཀྱིས་སྣང་བས་ཡོད་ཚད་དེ་ལྟར་མཛེས།
 
དུས་ཚོད་དང་སྐར་ཆ་རེ་རེ།
ངའི་སོར་རྩེ་ལས་ཤོར་ཏེ་རྒྱང་རིང་དུ་བཀྱེད་སོང་།
ངའི་ཚེ་སྲོག་གི་ཤིང་བལ་དུས་རླུང་གིས་ཁུར་བའི་ཉིན་མོ།
སུ་ཞིག་ལ་ཆགས་པའི་རྣམ་ཤེས་ཕྲ་མོ།
ད་དུང་སྔར་བཞིན་གངས་འདབས་སུ་རྒྱུ་བ།
སེམས་མཐུན་ལས་ཀྱི་ཚེ་གྲོགས་ཤིག
སེམས་ཀྱིས་འཚོལ་བཞིན་སེམས་པ་སྐྱོ་ཡོད།
                                                           ༢༠༡༣་༣་༡༠ཉིན། སྐྱེ་རྒུ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱིས་འཚོལ་བཞིན་སེམས་པ་སྐྱོ་ཡོད།

2013-04-18 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།


ཉི་མ་དང་ཟླ་བ། སྐར་ཚོགས།
ཚང་མ་ངའི་མིག་གོང་ནས་ཤོར་ཏེ་རྒྱང་རིང་དུ་ཡལ་སོང་།
ཤོར་ཟིན་པ་ན་ཟུག་གིས་བྲིས་པའི་རེ་སྨོན་ཞིག
ཡལ་ཟིན་པ་མིག་ཆུ་ཡིས་འཆད་པའི་གཏམ་རྒྱུད་ཅིག
སྐད་ཅིག་མའི་རྟོག་འགྱུའི་ཁྲོད།
སེམས་ཅན་མང་པོའི་སེམས་འདུན།
མཐའ་འཁོབ་མུན་ནག་ཏུ་སྤྱུགས་སོང་།
 
ཁྱི་སྤྱང་སྟོང་གི་ཐན་སྐད་འགེངས་བའི་གནམ་འོག་ན།
སེམས་ཅན་མང་པོས། ཁ་མུར་མུར་ཁ་ཏོན་ཟློ་བཞིན།
སུ་ཞིག་སྐྱབས་སུ་རེ་ཡང་།
སྐྱབས་གནས་གང་ཞིག་འཚོལ་བར་བྱེར་སོང་།
 
ང་ཁོ་ནས་འདི་ལྟར།
འཇགས་དཀའ་བའི་རླུང་སྒྲ་ལ་ཉན་བཞིན།
བཟོད་དཀའ་བའི་ཁེར་རྐྱང་ལ་རྒོལ་བཞིན།
སེམས་མཐུན་ལས་ཀྱི་ཚེ་གྲོགས་ཤིག
སེམས་ཀྱིས་སྒུག་བཞིན་སེམས་པ་སྐྱོ་ཡོད།
 
འདི་ལྟར་ང་ཁོ་ན།
གངས་འདབས་སུ་ལོ་བརྒྱར་གསོན་ཡང་།
གངས་རླུང་ཁོ་ན་ངའི་ལོངས་སྤྱོད་ཡིན་འདུག
དར་ལྕོག་ཁ་གང་བསྒྲེང་ནས་རླུང་རྟ་རུམ་གང་སྤུར་འདོད།
འོན་ཀྱང་། རྐང་རྡུམ་ལག་ཆད་ཀྱི་ང་ཁོ་ན།
གངས་འདབས་སུ་མུ་རུ་འཚོ་དགོས་བྱུང་།
 
རྟོག་ཡུལ་ན།
སེང་གེ་དང་སྦྲུལ།  དོམ་དང་དྲེད།
ཝ་དང་ཅེ་སྤྱང་་་་་་་ སེམས་ཅན་མང་བོ།
གངས་འདབས་སུ་སྣ་ཚོགས་ཐབས་ཀྱིས་འཚོ་དུས།
འོད་ཀྱིས་སྣང་བས་ཡོད་ཚད་དེ་ལྟར་མཛེས།
 
དུས་ཚོད་དང་སྐར་ཆ་རེ་རེ།
ངའི་སོར་རྩེ་ལས་ཤོར་ཏེ་རྒྱང་རིང་དུ་བཀྱེད་སོང་།
ངའི་ཚེ་སྲོག་གི་ཤིང་བལ་དུས་རླུང་གིས་ཁུར་བའི་ཉིན་མོ།
སུ་ཞིག་ལ་ཆགས་པའི་རྣམ་ཤེས་ཕྲ་མོ།
ད་དུང་སྔར་བཞིན་གངས་འདབས་སུ་རྒྱུ་བ།
སེམས་མཐུན་ལས་ཀྱི་ཚེ་གྲོགས་ཤིག
སེམས་ཀྱིས་འཚོལ་བཞིན་སེམས་པ་སྐྱོ་ཡོད།
                                                           ༢༠༡༣་༣་༡༠ཉིན། སྐྱེ་རྒུ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།