སེམས་པ་བོར་བའི་སྙན་ངག

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-13

སྙིང་ཉེ་བའི་ཀློག་པ་པོ་ལགས།
ཁྱེད་ཀྱིས་རྒྱ་ཡན་དུ་ཤོར་བའི་སེམས་པ་ཤིག་རིག་ཨེ་བྱུང་།
ཕལ་ཆེར་ཁྱེད་ཀྱིས་རིག་མི་སྲིད་དེ།
ངའི་སེམས་པ་སྙན་ངག་དང་བྲལ་ནས་ཟླ་ཤས་ཕྱིན་སོང་།

ངའི་སེམས་པ་ཡང་སྙིང་གང་དུ་བོར་བ་ཡིན་ནམ།
ད་ལོའི་ལོ་གསར་གྱི་རྟེན་འབྲེལ་རྒྱས་རང་དྲགས་པས།
ངའི་སེམས་པ་ཉི་ཤུ་དགུའི་དགུ་རྫས་དང་གཡུགས་པ་ཨེ་ཡིན།
ཡང་ན་ཚེས་གཅིག་ཞོགས་པའི་ཕྱེ་མར་དང་བཟས་པ་ཡིན་ནམ།
ཕལ་ཆེར་གྲོགས་པོ་ཚོའི་གསུམ་སྒྲོན་མཉེས་དྭགས་དང་བཏུངས་པ་ཡིན་ཤས་ཆེ།

གཟའ་འཁོར་གཉིས་ཀྱི་རྩ་ཆེའི་དུས་ཚོད།
ཇི་ལྟར་ངའི་ཉེ་འགྲམ་ནས་འབུད་པ་ཚོར་མ་བྱུང་།
ཚོགས་ཐུན་ཞེ་དྲུག་གི་རྩ་ཆེའི་རིན་ཐང་།
ཇི་ལྟར་ངའི་མགོ་ཐོག་ནས་རྒྱུགས་པ་ཚོར་མ་བྱུང་།
ང་རང་མེ་འཁོར་དུ་འཚངས་དུས་ནས་བེམ་པོ་ཞིག་སྟེ།
མེ་འཁོར་ལས་འབབས་དུས་ཀྱང་བེམ་པོའི་རང་བཞིན་ཡིན།
གོ་ཐོས་ལ།       སློབ་གྲྭའི་སློབ་དོན་ཁྲུའུ་ཡི་གཞུང་དོན་ཁང་ན།
ངས་སེམས་མེད་པའི་ལུས་པོ་ཞིག་འཁྲིད་དེ་འབྱོར་ཐོ་བཀོད་འདུག་ཟེར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་བོར་བའི་སྙན་ངག

2013-04-13 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།

སྙིང་ཉེ་བའི་ཀློག་པ་པོ་ལགས།
ཁྱེད་ཀྱིས་རྒྱ་ཡན་དུ་ཤོར་བའི་སེམས་པ་ཤིག་རིག་ཨེ་བྱུང་།
ཕལ་ཆེར་ཁྱེད་ཀྱིས་རིག་མི་སྲིད་དེ།
ངའི་སེམས་པ་སྙན་ངག་དང་བྲལ་ནས་ཟླ་ཤས་ཕྱིན་སོང་།

ངའི་སེམས་པ་ཡང་སྙིང་གང་དུ་བོར་བ་ཡིན་ནམ།
ད་ལོའི་ལོ་གསར་གྱི་རྟེན་འབྲེལ་རྒྱས་རང་དྲགས་པས།
ངའི་སེམས་པ་ཉི་ཤུ་དགུའི་དགུ་རྫས་དང་གཡུགས་པ་ཨེ་ཡིན།
ཡང་ན་ཚེས་གཅིག་ཞོགས་པའི་ཕྱེ་མར་དང་བཟས་པ་ཡིན་ནམ།
ཕལ་ཆེར་གྲོགས་པོ་ཚོའི་གསུམ་སྒྲོན་མཉེས་དྭགས་དང་བཏུངས་པ་ཡིན་ཤས་ཆེ།

གཟའ་འཁོར་གཉིས་ཀྱི་རྩ་ཆེའི་དུས་ཚོད།
ཇི་ལྟར་ངའི་ཉེ་འགྲམ་ནས་འབུད་པ་ཚོར་མ་བྱུང་།
ཚོགས་ཐུན་ཞེ་དྲུག་གི་རྩ་ཆེའི་རིན་ཐང་།
ཇི་ལྟར་ངའི་མགོ་ཐོག་ནས་རྒྱུགས་པ་ཚོར་མ་བྱུང་།
ང་རང་མེ་འཁོར་དུ་འཚངས་དུས་ནས་བེམ་པོ་ཞིག་སྟེ།
མེ་འཁོར་ལས་འབབས་དུས་ཀྱང་བེམ་པོའི་རང་བཞིན་ཡིན།
གོ་ཐོས་ལ།       སློབ་གྲྭའི་སློབ་དོན་ཁྲུའུ་ཡི་གཞུང་དོན་ཁང་ན།
ངས་སེམས་མེད་པའི་ལུས་པོ་ཞིག་འཁྲིད་དེ་འབྱོར་ཐོ་བཀོད་འདུག་ཟེར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།