རྫོང་དཔོན་ལ་ཕུལ་བའི་ཞུ་འཕྲིན།
ཁ་སང་དེ་རིང
ས་གནས་སུ་ཁ་བ་འབབ་ཀྱིན་འདུག
མཐོ་འབྲིང་མཐར་ཕྱིན་པའི་ལོ་དེར
སྲིད་གཞུང་གིས་བདག་ལ་ལྷམ་ཆ་གཅིག་ཕུལ
དགུན་གནང་སྐབས་སུ ཕ་རྒན་གྱི་ཚབ་ཏུ་ཕྱུགས་རྫིར་བསྐྱོད་པས
ལྷམ་ཆུང་དེ་རལ་བོར་གྱུར་སོང
ཁ་བ་དང་བུ་ཡུག་འཚུབ་ས་འདིར
ལྷམ་ཆུང་མེད་པ་དག་གིས
སྲིད་གཞུང་ལ་རེ་བའི་མིག་ཟུང་འཕེན་ཞོར
ན་ཟུག་དང་སྐྱོ་བ་ཁོག་ཏུ་མིད་ཀྱིན་འདུག
གྲང་རླུང་སྔར་བཞིན་ལྡང་དུས
གཞི་རིམ་པ་ཚོས ཁྱེད་ཀྱི་མཚན་བྱང་ནས་ཐེངས་རེར་འབོད་སྲིད་ལ
བདག་ཀྱང་ན་གཞོན་རྐང་རྗེན་ཞིག་ཡིན་ངེས་པས
ལྷ་ཆུང་གསར་བ་ཞིག་ལ་རེ་སྒུག་བྱེད་ཀྱིན་འདའ
ཁ་སང་ཞོགས་པར
ཁ་བ་སྔར་བཞིན་འཚུབ་ཀྱིན་འདུག
བདག་གིས་ཤོག་ལྷེ་ཞིག་གི་ངོས་སུ་རི་མོ་ཁ་བྲིས
རི་མོ་དེ་དག་ལས མཛུབ་ཤུལ་དུ་ཁུང་བུ་ཡོད་པའི་ལྷ་ཆུང་རལ་བོ་ཞིག་ཀྱང་བྲིས
ཁྱིམ་མཚེས་རྒན་པོ་ཡིས་ཞིབ་ལྟ་ཞིག་བྱས་རྗེས
འདི་ནི་༼མ་ཧ་གན་དྷི་༽ཡི་རྩྭ་ལྷམ་དང་ཧ་ཅང་འདྲ་ཟེར
༢༠༡༣ ༣ ༢༤ ཉིན་གྱི་དགོང་མོར་བྲིས།
རྩོམ་ཁུངས། ངེད་དྲ་བ།