ཕྱིར་དྲན།
ཐག་པ་ཐུང་ངུ་ཞིག་གི་སྣེ་མོ
ཁ་སང་གི་སྤྲིན་པའི་ཨི་ཁུང་བཞིན
ཐོག་རེག་བྲལ་བའི་ཕྱི་ནང་ཞིག་གཏན་ནས་མི་འདུག
རྨི་ལམ་ལས་བྱུང་བའི་གཏམ་རྒྱུད་དང
ཤོག་ངོས་ནས་བྲིས་པའི་གཏམ་རྒྱུད
ཡང་ན་སེམས་ངོགས་ནས་འཆར་བའི་གཏམ་རྒྱུད་དག
ནམ་ཡང་ཕྱིར་དྲན ཕྱིར་དྲན ཕྱིར་དྲན
གཏམ་རྒྱུད་ནི་ནར་སོན་གྱི་གོ་རིམ་མོ
གཏམ་རྒྱུད་ནི་དབྱངས་རྟ་དང་རྨི་ལམ་མོ
གཏམ་རྒྱུད་ནི་གཏམ་རྒྱུད་གཞན་ཞིག་གླེང་བྱེད་ཀྱི་ཕྱིར་དྲན་ཙམ་མོ།།
2013/03/03ཉིན་རང་ཡུལ་གད་པ་ནས།
རྩོམ་ཁུངས། ངེད་དྲ་བ།