མགྱོགས་བྲིས་སྙན་ངག་ཁག་བཅུ་གཅིག

གཉལ་བཀྲ་ཤིས་བསྟན་པ།༼གཞིས་རྩེ་མ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-06

       སྒྲ།
ཤག་ཤག་ཁྲག་གི་ཁྲོད་དུ།
མ་མོ་ཞིག་གི་ངུ་ངག་སྐྱོ།
མ་ཎིའི་གདུང་དབྱངས་ཀྱི་ཁྲོད་དུ།
ལུ་གུ་ཞིག་གི་འབའ་སྒྲ་སྐྱོ།

སེམས་གཞས་རེ་རེ་ལེན་ཞོར།
མ་མོ་ཞིག་གི་བཀའ་དྲིན་དྲན།
ཕྲེང་རྡོག་རེ་རེ་སྐོར་ཞོར།
མ་མོ་ཞིག་གི་སྣང་བརྙན་དྲན།

ཤག་ཤག་གི་ཁྲག་དྲོན།
མ་མོ་ཞིག་གི་ཚ་གདུང་།
ཧྲག་ཧྲག་གི་ཕྲེང་རྡོག
མཁའ་ན་གཡོ་བའི་ཆུ་འཛིན།

          སྒྱུ་མ།
འཛུམ་དམུལ་དམུལ་གྱིས།
གསང་བ་ཨམ་ཕྲག་གང་ཁོག་ཏུ་བཅུག
ལྫིད་དིག་དིག་གིས།
བདག་ཡོད་སྣང་བ་གང་སེམས་ལ་བཏགས།
ཧང་བསང་བསང་གིས།
ནམ་མཁའི་མཐོངས་ཡངས་སུ་ཅེར།

        འཇའ་ཡིག
ཀ་མད་སུམ་ཅུས་རྒྱན་པའི་འཇའ།
འཇའ་ཡིས་བསླད་པའི་ཀ་མད་སུམ་ཅུ།
འཇའ་རིས་ཤིག་ཤིག་གི་ཁྲོད་དུ།
ཨ་མའི་མགུལ་ལ་བཏགས་པའི་དོ་ཤལ་བཞིན།
ཕྲེང་ཐགས་གཅིག་ལ་རྟེན་པ་སུ་ཡིས་རྟོགས།

ཀ་མད་སུམ་ཅུས་རྒྱན་པའི་འཇའ།
འཇའ་ཡིས་བསླད་པའི་ཀ་མད་སུམ་ཅུ
འཇའ་རིས་ཤིག་ཤིག་གི་ཁྲོད་དུ།
མཚོ་ནང་དུ་ལྷུང་བའི་ཟླ་བ་བཞིན
ནམ་ཞིག་མི་ཡལ་བའི་བདེན་ཁ་སུ་ཡིས་སྟེར།

          གངས་རིའི་རྣམ་ཤེས།
གྲང་རླུང་གིས་བཟི་བའི་འབྲོག་པ།
སྤྱང་ཀི་ཞིག་རི་ཀླུང་འདི་ནས་ཕར་བསྐྲད་དེ།
གཡག་རྒན་ཞིག་གི་རིན་གོང་ལ་འདང་རྒྱག་དུས།
ཚེ་རིང་སེང་གེའི་རྣམ་ཤེས་ཁྱུ་ཞིག
གངས་རིའི་སྲུབས་ནས་འུར་གྱིས་འཛུལ་བྱུང་།

        དད་པ།
དཀར་རྡོ་གཅིག་རྡོ་ཕུང་གི་ངོགས་སུ།
རྒས་མོ་ཞིག་གིས་སེམས་རྟེན་བཞིན་དབྱུགས།
གནས་སྐོར་བས་འགྲོ་ཞོར་རྡོ་དེ་འཕུར་གྱིན།
རྒས་མོའི་རྣམ་ཤེས་ལ་བྱིལ་བྱིལ་ཡང་ཡང་བྱེད།

ཚེ་ལུག་གཅིག་གླིང་སྐོར་ལམ་དུ།
རྒས་པོ་ཞིག་གི་སེམས་རྟེན་ལྟར་མྱུལ།
ལམ་འགྲོ་བས་ཚེ་ལུག་གི་ཕྱོགས་སྟངས་ཞིག་ལས།
རྒས་པོ་ཤམ་བྷ་ལར་གཤེགས་པ་གསལ་པོར་ཤེས།

           རྒྱུད་འཛིན།
པ་ཕས་ཉོས་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དཔེ་ཆ་གསར་རྐྱང་དེས།
རྟག་ཏུ་ཁང་ཆུང་ནང་གི་གསར་བཞད་མེ་ཏོག་དང་འགྲན་རྐྱང་བྱེད།
དེ་རིང་བུ་ཆུང་གིས་དཔེ་ཆའི་སྟེང་བབས་པའི་སྐྱག་སྦྲང་གཉིས་དཀྲོགས་ཏེ།
མེ་ཏོག་གི་དྲི་ངད་གཙང་མ་ཞིག་གི་ཁྲོད།
དཔེ་ཆའི་ཡོལ་བ་ཕྱེས་ཏེ་འགྲུལ་བཞུད་གསར་པ་ཞིག་གི་འགོ་བརྩམས།

          མི་ཚེ་གཅིག
ཞོགས་པར་ང་མལ་ལས་ལངས་ཏེ།
ཨ་མ་དང་མཉམ་དུ་ཞིང་ནང་དུ་ཆས།
པགས་རྡོག་གཅིག་གི་མངར་ཁ།
ངའི་མི་ཚེ་ན་མཁོ་བའི་ནོར་རྫས་རེད།

ཉིན་དགུང་ངས་མལ་ནས་ལངས་ཏེ།
དྲིལ་བརྡའི་སྒྲ་དབྱངས་ཁྲོད།
ཨ་མ་ལྟར་སློབ་མའི་ཚོགས་སྐྱོང་བཞིན།
འདས་དོན་ལ་འདང་རྒྱག་ཡང་ཡང་བྱེད།

དགོང་མོར་ས་རུབ་སོང་།
མིག་མདངས་ཉམས་སོང་།
ངས་བལྟས་བལྟས་ཀྱང་།
ཨ་མ་དང་སློབ་མ་གཉིས་ཀ་འཕུར་ཟིན།

           ཡར་ཀླུང་ལྕང་གསར།
ཡར་ཀླུང་ལྕང་གསར་མགོ་བོ་དུད་མེད།
སྔར་ནས་ད་བར།
ཡར་ཀླུང་ན་རྒྱན་པའི་ལྕང་གསར་ཚོགས།
གཉའ་ཁྲིའི་མཐུ་ནུས་ཞིག་ལས།
ལྗང་མདོག་གི་ཞིང་ས་ཞིག་ཆགས་ཡོད།

བྱེའུ་ཡི་གསུང་སྐད་སྙན་ཡང་།
རི་བོས་ཕྱག་གཡུག་གནང་ཡང་།
ཡར་ཀླུང་ལྕང་གསར་ཨྰ།
བོད་མིའི་ཚོགས་ལ།
ཡང་རླུང་ཅིས་ནས་མཁོ་སྤྲོད་བྱེད་དགོས་ཨང་།

         སྡོང་རྒན།
ལོ་ཟླས་གཙེས་པའི་སྡོང་རྒན་དེ།
རྒས་ཐག་ཆོད་པའི་རྟ་རྒན་བཞིན།
མི་མང་པོ་ཞིག་གིས་བཞོན་བཞོན་མཐར།
ལུས་པོ་རྔ་དབྱུག་ལྟར་སྒུར་སོང་།

སྡོང་རྒན་དེ་ངོ་མ་སྙིང་རྗེ།
སྡོང་རྒན་ལ་གསང་བ་ལོས་ཡོད།
སྡོང་རྒན་ལ་རྣམ་ཤེས་ལོས་ཡོད་ཟེར་མཁན།
སྡོང་རྒན་ལྟ་བུའི་རྒས་པོ་དེ་མ་གཏོགས་ཅང་མ་མཆིས།

            རླུང་ནད།
འདར་སིག་སིག་གི་ཨ་མའི་ཕྱག་གཉིས།
ངའི་བྲང་གཞུང་ན་ལྡིང་བཞིན་པའི་སྙིང་།
འཕག་འཕག་གི་ལོ་ཟླའི་རྒྱུག་རིམ།
ཨ་མའི་སེམས་རྩ་ན་རབ་ཏུ་འཁོལ།

          སོམ་ཉི།
ཆོས་དག་ལས་ཐ་དག་སྟོང་ཉིད་དུ་སྨྲ་ཡང་།
དོན་ལྡོག་སྟེ་དགོན་པ་འདི་སྟོང་ཉིད་དུ་གྲུབ།
ཁ་ས་འཁར་བར་རྟེན་པའི་དགོན་པའི་སྐུ་ཞབས་རྣམ་དག
ཆེས་མཐའ་མའི་དགོན་པ་འདི་དང་ཞལ་གྱེས་ཏེ།
རྒྱང་རིང་གི་ཤམ་བྷ་ལར་གཤེགས་པ་སྐྱོ་ཨང་།

འོ་ན་མོ་ལུང་ལས་བབས་པའི་ཆོས་དེ།
ཨ་མའི་ནད་ངན་འཇོམས་པའི་རྣམ་དག་ཆོས་དེ།
སུ་ཞིག་འཚལ་ནས་འདོན་དགོས།
སྐྱ་མིན་དམར་མིན་གྱི་གྲ་ལོག་དེ་ཚོ་འཚལ་ན།
ཨོ།  གཏན་ནས་མི་འགྲིག
ཁོ་ཚོའི་སེམས་སྔར་ནས་རྒྱ་ཡན་དུ་ཕྱིན་ཟིན་པས།
ཨ་མའི་ནད་རྒྱ་ཡན་དུ་མི་འགྲོ་བའི་ངེས་པ་ཅི།

འོ་ན་མོ་ལུང་ལས་བབས་པའི་ཆོས་དེ།
ཨ་མའི་ནད་ངན་འཇོམས་པའི་རྣམ་དག་ཆོས་དེ།
སུ་ཞིག་འཚལ་ནས་འདོན་དགོས།
གྲོང་སྨད་ཀྱི་ཆོས་རྗེ་གདན་དྲངས་ན།
མོ་ལུང་འདི་ཆོས་རྗེས་གནང་བས།
ཨོ།  གཏན་ནས་མི་འགྲིག
ཆོས་རྗེ་མོ་དང་འགྲོགས་ཟིན།

འོ་ན་མོ་ལུང་ལས་བབས་པའི་ཆོས་དེ།
ཨ་མའི་ནད་ངན་འཇོམས་པའི་རྣམ་དག་ཆོས་དེ།
སུ་ཞིག་འཚལ་ནས་འདོན་དགོས།
…………
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགྱོགས་བྲིས་སྙན་ངག་ཁག་བཅུ་གཅིག

2013-04-06 གཉལ་བཀྲ་ཤིས་བསྟན་པ།༼གཞིས་རྩེ་མ ཀློག་གྲངས། མཆན ཡོད།

       སྒྲ།
ཤག་ཤག་ཁྲག་གི་ཁྲོད་དུ།
མ་མོ་ཞིག་གི་ངུ་ངག་སྐྱོ།
མ་ཎིའི་གདུང་དབྱངས་ཀྱི་ཁྲོད་དུ།
ལུ་གུ་ཞིག་གི་འབའ་སྒྲ་སྐྱོ།

སེམས་གཞས་རེ་རེ་ལེན་ཞོར།
མ་མོ་ཞིག་གི་བཀའ་དྲིན་དྲན།
ཕྲེང་རྡོག་རེ་རེ་སྐོར་ཞོར།
མ་མོ་ཞིག་གི་སྣང་བརྙན་དྲན།

ཤག་ཤག་གི་ཁྲག་དྲོན།
མ་མོ་ཞིག་གི་ཚ་གདུང་།
ཧྲག་ཧྲག་གི་ཕྲེང་རྡོག
མཁའ་ན་གཡོ་བའི་ཆུ་འཛིན།

          སྒྱུ་མ།
འཛུམ་དམུལ་དམུལ་གྱིས།
གསང་བ་ཨམ་ཕྲག་གང་ཁོག་ཏུ་བཅུག
ལྫིད་དིག་དིག་གིས།
བདག་ཡོད་སྣང་བ་གང་སེམས་ལ་བཏགས།
ཧང་བསང་བསང་གིས།
ནམ་མཁའི་མཐོངས་ཡངས་སུ་ཅེར།

        འཇའ་ཡིག
ཀ་མད་སུམ་ཅུས་རྒྱན་པའི་འཇའ།
འཇའ་ཡིས་བསླད་པའི་ཀ་མད་སུམ་ཅུ།
འཇའ་རིས་ཤིག་ཤིག་གི་ཁྲོད་དུ།
ཨ་མའི་མགུལ་ལ་བཏགས་པའི་དོ་ཤལ་བཞིན།
ཕྲེང་ཐགས་གཅིག་ལ་རྟེན་པ་སུ་ཡིས་རྟོགས།

ཀ་མད་སུམ་ཅུས་རྒྱན་པའི་འཇའ།
འཇའ་ཡིས་བསླད་པའི་ཀ་མད་སུམ་ཅུ
འཇའ་རིས་ཤིག་ཤིག་གི་ཁྲོད་དུ།
མཚོ་ནང་དུ་ལྷུང་བའི་ཟླ་བ་བཞིན
ནམ་ཞིག་མི་ཡལ་བའི་བདེན་ཁ་སུ་ཡིས་སྟེར།

          གངས་རིའི་རྣམ་ཤེས།
གྲང་རླུང་གིས་བཟི་བའི་འབྲོག་པ།
སྤྱང་ཀི་ཞིག་རི་ཀླུང་འདི་ནས་ཕར་བསྐྲད་དེ།
གཡག་རྒན་ཞིག་གི་རིན་གོང་ལ་འདང་རྒྱག་དུས།
ཚེ་རིང་སེང་གེའི་རྣམ་ཤེས་ཁྱུ་ཞིག
གངས་རིའི་སྲུབས་ནས་འུར་གྱིས་འཛུལ་བྱུང་།

        དད་པ།
དཀར་རྡོ་གཅིག་རྡོ་ཕུང་གི་ངོགས་སུ།
རྒས་མོ་ཞིག་གིས་སེམས་རྟེན་བཞིན་དབྱུགས།
གནས་སྐོར་བས་འགྲོ་ཞོར་རྡོ་དེ་འཕུར་གྱིན།
རྒས་མོའི་རྣམ་ཤེས་ལ་བྱིལ་བྱིལ་ཡང་ཡང་བྱེད།

ཚེ་ལུག་གཅིག་གླིང་སྐོར་ལམ་དུ།
རྒས་པོ་ཞིག་གི་སེམས་རྟེན་ལྟར་མྱུལ།
ལམ་འགྲོ་བས་ཚེ་ལུག་གི་ཕྱོགས་སྟངས་ཞིག་ལས།
རྒས་པོ་ཤམ་བྷ་ལར་གཤེགས་པ་གསལ་པོར་ཤེས།

           རྒྱུད་འཛིན།
པ་ཕས་ཉོས་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དཔེ་ཆ་གསར་རྐྱང་དེས།
རྟག་ཏུ་ཁང་ཆུང་ནང་གི་གསར་བཞད་མེ་ཏོག་དང་འགྲན་རྐྱང་བྱེད།
དེ་རིང་བུ་ཆུང་གིས་དཔེ་ཆའི་སྟེང་བབས་པའི་སྐྱག་སྦྲང་གཉིས་དཀྲོགས་ཏེ།
མེ་ཏོག་གི་དྲི་ངད་གཙང་མ་ཞིག་གི་ཁྲོད།
དཔེ་ཆའི་ཡོལ་བ་ཕྱེས་ཏེ་འགྲུལ་བཞུད་གསར་པ་ཞིག་གི་འགོ་བརྩམས།

          མི་ཚེ་གཅིག
ཞོགས་པར་ང་མལ་ལས་ལངས་ཏེ།
ཨ་མ་དང་མཉམ་དུ་ཞིང་ནང་དུ་ཆས།
པགས་རྡོག་གཅིག་གི་མངར་ཁ།
ངའི་མི་ཚེ་ན་མཁོ་བའི་ནོར་རྫས་རེད།

ཉིན་དགུང་ངས་མལ་ནས་ལངས་ཏེ།
དྲིལ་བརྡའི་སྒྲ་དབྱངས་ཁྲོད།
ཨ་མ་ལྟར་སློབ་མའི་ཚོགས་སྐྱོང་བཞིན།
འདས་དོན་ལ་འདང་རྒྱག་ཡང་ཡང་བྱེད།

དགོང་མོར་ས་རུབ་སོང་།
མིག་མདངས་ཉམས་སོང་།
ངས་བལྟས་བལྟས་ཀྱང་།
ཨ་མ་དང་སློབ་མ་གཉིས་ཀ་འཕུར་ཟིན།

           ཡར་ཀླུང་ལྕང་གསར།
ཡར་ཀླུང་ལྕང་གསར་མགོ་བོ་དུད་མེད།
སྔར་ནས་ད་བར།
ཡར་ཀླུང་ན་རྒྱན་པའི་ལྕང་གསར་ཚོགས།
གཉའ་ཁྲིའི་མཐུ་ནུས་ཞིག་ལས།
ལྗང་མདོག་གི་ཞིང་ས་ཞིག་ཆགས་ཡོད།

བྱེའུ་ཡི་གསུང་སྐད་སྙན་ཡང་།
རི་བོས་ཕྱག་གཡུག་གནང་ཡང་།
ཡར་ཀླུང་ལྕང་གསར་ཨྰ།
བོད་མིའི་ཚོགས་ལ།
ཡང་རླུང་ཅིས་ནས་མཁོ་སྤྲོད་བྱེད་དགོས་ཨང་།

         སྡོང་རྒན།
ལོ་ཟླས་གཙེས་པའི་སྡོང་རྒན་དེ།
རྒས་ཐག་ཆོད་པའི་རྟ་རྒན་བཞིན།
མི་མང་པོ་ཞིག་གིས་བཞོན་བཞོན་མཐར།
ལུས་པོ་རྔ་དབྱུག་ལྟར་སྒུར་སོང་།

སྡོང་རྒན་དེ་ངོ་མ་སྙིང་རྗེ།
སྡོང་རྒན་ལ་གསང་བ་ལོས་ཡོད།
སྡོང་རྒན་ལ་རྣམ་ཤེས་ལོས་ཡོད་ཟེར་མཁན།
སྡོང་རྒན་ལྟ་བུའི་རྒས་པོ་དེ་མ་གཏོགས་ཅང་མ་མཆིས།

            རླུང་ནད།
འདར་སིག་སིག་གི་ཨ་མའི་ཕྱག་གཉིས།
ངའི་བྲང་གཞུང་ན་ལྡིང་བཞིན་པའི་སྙིང་།
འཕག་འཕག་གི་ལོ་ཟླའི་རྒྱུག་རིམ།
ཨ་མའི་སེམས་རྩ་ན་རབ་ཏུ་འཁོལ།

          སོམ་ཉི།
ཆོས་དག་ལས་ཐ་དག་སྟོང་ཉིད་དུ་སྨྲ་ཡང་།
དོན་ལྡོག་སྟེ་དགོན་པ་འདི་སྟོང་ཉིད་དུ་གྲུབ།
ཁ་ས་འཁར་བར་རྟེན་པའི་དགོན་པའི་སྐུ་ཞབས་རྣམ་དག
ཆེས་མཐའ་མའི་དགོན་པ་འདི་དང་ཞལ་གྱེས་ཏེ།
རྒྱང་རིང་གི་ཤམ་བྷ་ལར་གཤེགས་པ་སྐྱོ་ཨང་།

འོ་ན་མོ་ལུང་ལས་བབས་པའི་ཆོས་དེ།
ཨ་མའི་ནད་ངན་འཇོམས་པའི་རྣམ་དག་ཆོས་དེ།
སུ་ཞིག་འཚལ་ནས་འདོན་དགོས།
སྐྱ་མིན་དམར་མིན་གྱི་གྲ་ལོག་དེ་ཚོ་འཚལ་ན།
ཨོ།  གཏན་ནས་མི་འགྲིག
ཁོ་ཚོའི་སེམས་སྔར་ནས་རྒྱ་ཡན་དུ་ཕྱིན་ཟིན་པས།
ཨ་མའི་ནད་རྒྱ་ཡན་དུ་མི་འགྲོ་བའི་ངེས་པ་ཅི།

འོ་ན་མོ་ལུང་ལས་བབས་པའི་ཆོས་དེ།
ཨ་མའི་ནད་ངན་འཇོམས་པའི་རྣམ་དག་ཆོས་དེ།
སུ་ཞིག་འཚལ་ནས་འདོན་དགོས།
གྲོང་སྨད་ཀྱི་ཆོས་རྗེ་གདན་དྲངས་ན།
མོ་ལུང་འདི་ཆོས་རྗེས་གནང་བས།
ཨོ།  གཏན་ནས་མི་འགྲིག
ཆོས་རྗེ་མོ་དང་འགྲོགས་ཟིན།

འོ་ན་མོ་ལུང་ལས་བབས་པའི་ཆོས་དེ།
ཨ་མའི་ནད་ངན་འཇོམས་པའི་རྣམ་དག་ཆོས་དེ།
སུ་ཞིག་འཚལ་ནས་འདོན་དགོས།
…………
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།