དཀར་ལུང་། ངའི་རྟག་བརྟན་གྱི་ཕ་ས་དྲོན་མོ།

སྐལ་བ་ཆགས་འཇིག་གི་ལོ་རྒྱུས་ཀྱི་གླགས་བར་ནས
ཁྱོད་རང་གནམ་སའི་ཧྲག་བར་གྱི་གྲུ་ག ་དེ ་རུ
འགྲོ་བ་སུ་ཞིག་གིས་སྐྱབས་འཇུག་གམ་གསོལ་འདེབས་སེམས་སུ་བཅངས་ནས
གནས་དེ་རུ   བརྟན་ནས་བརྟན་དུ་འཚོ

མ་གཞི་འདི་ནི་ལས་དབང་གིས་སྦྲེལ་བའི་རྨི་ལམ་ཞིག་གམ
ཡང་ན་རྨི་ལམ་དེ་འི་ཁོང་གསེང་ནས་སྨིན་པའི་དོན་དངོས་གང་ཡིན་ཆ་མ་འཚལ་མོད
རི་ཆུ་ནགས་གསུམ་དང   འགྲོ་བ ་རིགས ་དྲུག་དག
ཁྱོད་ཀྱི་ཚེ་སྲོ ག་ལ་འཐིམས་པའི་སྲོག་ཤིང ་དུ་གྱུར
དུས་དེ་ནས་བཟུང་སྟེ ཁྱོད་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངསམཐུག་པའི་མིང་བྱང་ཞིག་ཐོགས་ལ
སྐབས་དེ་ནས་བཟུང་སྟེ   ཁྱོད་ལ ་ཆབ་སྲིད ་ཀྱི་དོན་རྩ་མཐུག་པའི་མཚན་སྙན་ཞིག་ཀྱང་གནང་ཟིན
འདི་ནི་མཛེས་སྡུག་གི་དཀར་ལུང་སྟེ      ངའི་རྟག་བརྟན་གྱི་ཕ་ས་དྲོན་མོ་རེད་ཨང
    
ཁ་སང་ནི་ལྷིང་འཇགས་ཡིན་ཏེ
མ་ནིའི་འདུ་ཁང་གི་རྒྱབ་ཕིབས་ལས་འཕྲོས་པའི་ཉི་ཟེར་འོག ་ཏུ
ལོ་ལོན་ཚོས་ཅི་ཞིག་ལ་རེ་སྨོན་དང་གསོལ་འདེབས་བྱེད་པ་བཞིན
ཟད་ཐག་ཆོད་པའི་ཕྲེང་རྡོག་རེ་རེའི་ཚིགས ་བར་ན
དབྱངས་རྟ་ལ་འཁུམས་པའི་མ་ནི་ཡིག་དྲུག་དེས
གནས་འདིའི་མཛེས་སྡུག་དང་ཞི་བདེ་ལསྨོན་པའི་སེམས་པ་འཁྱེར་ནས
ཕ་གའི་སྤང་ཐང་དང    མ་གའི་བྲག་ཐེམ་བར་ནས   ཡུན་གྱིས་འཕྱོ་བཞིན་ཡོད
ཕ་ཡུལ་ཡ་དཀར་ལུང   ཧ་ཅང་སྨོན་པའི་ཁ་སང་ནི་ང་ཚོ་ཞི་འཇམ་གྱི་གྲོང་ཚོ་ཆུང་ཆུང་ཞིག་རེད་ཨང

ནངས་མོ་འདིར   ས་གཞིར་ཡོངས་སུ་སྨུག་པས་བཏིམས་འདུག
ཨ་ཕས་བཤད་ན   མདང་ནུབ་ཆར་བ་བབས་དྲག་པས་རེད་ཟེར
ཨ་མས་གླེང་ན    མདང་ནུབ་ཤ ་འོད་རྒྱུགས་པ་ཚབས་ཆེ་སོང་ཟེར
གང་ལྟར་ཀྱང   དཀར་ལུང་གི་གདོད་མའི་ནགས་ཚལ
འདྲུད་འཁོར་དག་གི་དོ་བོར་གྱུར་སོང་ལ
ཕ་ས་དྲོན་མོའི་མཛེས་སྡུག་གི་རི་ཀླུང
སྐྱ་ཐིང་ཐིང་གིས་མྱ་ངམ་ཐང་སྟོང་དུ་གྱུར
མ་ནིའི་འདུ་ཁང་ལྷས་སུ་ཡོད་པའི་ཁ་སང་གི་ལོ་ལོན་ཚོའང་མི་འདུག་སྟེ
དེ་རུ་མུག་སྐྱོབ་དངོས་རྫས་རྩོད་པའི་ན་གཞོན་ཚོ་འདུག་ལ
ཁ་གསབ་རོགས་དངུལ་རེ་བའི་ནགས་མོ་ཚོ་འདུག
ཞེ་སྐྱོ་བའི་དེ་རིང་གི་དཀར་ལུང་ཡ   ཕ་ས་དྲོན་མོའི་རི་ཀླུང་ཐང་གསུམ་དེ
ནམ་ཞིག་གི་ཚེ་སྔར་ལྟར་མཛེས་སྲིད་ཨང  

                                             ༢༠༡༣ལོའི་ཟླ་༡པའི་ཚེས་༡༢ཉིན་ཞི་ཨན་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀར་ལུང་། ངའི་རྟག་བརྟན་གྱི་ཕ་ས་དྲོན་མོ།

2013-04-02 པད་མ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།