ངའི་རི་གྲོང་། ངའི་སྙིང་ཁ།


ངེད་ཚང་གི་གླང་ཕྲུག་ཧུད་རིགས་ཀྱི་རླངས་འཁོར་དུ་འཛུལ་རྗེས།
ཨ་མྱེས་ཚང་གི་ཐང་ཀ་གྲོང་འཁྱེར་ནས་བསླུས་རྗེས།
ཤང་ཀྲང་ལགས་ཀྱི་བོད་ཡིག་ཡིག་ཆ་རྒྱ་སྐད་ཀྱི་ཀློག་རྗེས།
ཨ་ཕའི་ར་ལྤགས་ཀྱི་ཐང་ཁུག་ཙི་ཙིས་གཏན་དུ་བརྐུས་རྗེས།
ཨ་མའི་སྣམ་བུས་ཁོང་དགོད་སྐྱུར་མོ་ཞིག་གཏིང་ནས་བྱས་རྗེས།
ང་ཡི་རི་གྲོང་།   ང་ཡི་སྙིང་ཁ།
མེ་རླབས་ཁྲོད་ན་འབར་གིན་པའི་ལྕི་བ་སྐམ་པོ་རེད།
ད་དུང་ཡང་བཞོ་གིན་པའི་བ་མོ་ཁྲ་ཆུང་རེད།
མགོ་རས་དམར་པོས་བཏུམས་པའི་ཨ་ཕྱི་རྒན་མོ་རེད།
ཨ་ཤིང་མེད་པའི་གནའ་བོའི་སྒོ་གླེགས་ནག་པོ་དེ་རེད།
སུག་ལག་གི་ཁ་ལ་སྒོ་ལྕགས་རྒྱག་བཞིན་པའི་རི་བོང་ཁ་ཤོ་ཅན་དེ་རེད།
སྣུམ་དྲི་འཐུལ་བའི་མཁའ་རླུང་གི་བར་གསེང་ནས།
ཆག་སྒྲུམ་དུ་སོང་བའི་ཅོང་སྒྲ་རིང་མོ་རེ་གྲགས་དུས།
བོང་བུས་ཞིང་ཐང་སྟེང་ན་འགྲེ་ལོག་རྒྱག་ཐེངས་རེར།
ཞུམ་བུས་གོ་ཐལ་གྱི་གསེང་ནས་འཕག་ཚག་རྒྱག་ཐེངས་རེར།
རྡུལ་ཚུབ་ཚུབ་གྱི་ངའི་རི་གྲོང་།
འདར་སིག་སིག་གི་ངའི་སྙིང་ལ་མྱུལ།
ཙག་ཤད་ཡང་ཡང་རྒྱག་བཞིན་པའི་ངའི་སྙིང་ཁ།
ཁུ་སིམ་སིམ་གྱི་དམག་ལ་འཁྲུག་པའི་རི་གྲོང་ལ་འཐམ།
ངའི་རི་གྲོང་།   ངའི་སྙིང་ཁ།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་རི་གྲོང་། ངའི་སྙིང་ཁ།

2013-04-02 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


ངེད་ཚང་གི་གླང་ཕྲུག་ཧུད་རིགས་ཀྱི་རླངས་འཁོར་དུ་འཛུལ་རྗེས།
ཨ་མྱེས་ཚང་གི་ཐང་ཀ་གྲོང་འཁྱེར་ནས་བསླུས་རྗེས།
ཤང་ཀྲང་ལགས་ཀྱི་བོད་ཡིག་ཡིག་ཆ་རྒྱ་སྐད་ཀྱི་ཀློག་རྗེས།
ཨ་ཕའི་ར་ལྤགས་ཀྱི་ཐང་ཁུག་ཙི་ཙིས་གཏན་དུ་བརྐུས་རྗེས།
ཨ་མའི་སྣམ་བུས་ཁོང་དགོད་སྐྱུར་མོ་ཞིག་གཏིང་ནས་བྱས་རྗེས།
ང་ཡི་རི་གྲོང་།   ང་ཡི་སྙིང་ཁ།
མེ་རླབས་ཁྲོད་ན་འབར་གིན་པའི་ལྕི་བ་སྐམ་པོ་རེད།
ད་དུང་ཡང་བཞོ་གིན་པའི་བ་མོ་ཁྲ་ཆུང་རེད།
མགོ་རས་དམར་པོས་བཏུམས་པའི་ཨ་ཕྱི་རྒན་མོ་རེད།
ཨ་ཤིང་མེད་པའི་གནའ་བོའི་སྒོ་གླེགས་ནག་པོ་དེ་རེད།
སུག་ལག་གི་ཁ་ལ་སྒོ་ལྕགས་རྒྱག་བཞིན་པའི་རི་བོང་ཁ་ཤོ་ཅན་དེ་རེད།
སྣུམ་དྲི་འཐུལ་བའི་མཁའ་རླུང་གི་བར་གསེང་ནས།
ཆག་སྒྲུམ་དུ་སོང་བའི་ཅོང་སྒྲ་རིང་མོ་རེ་གྲགས་དུས།
བོང་བུས་ཞིང་ཐང་སྟེང་ན་འགྲེ་ལོག་རྒྱག་ཐེངས་རེར།
ཞུམ་བུས་གོ་ཐལ་གྱི་གསེང་ནས་འཕག་ཚག་རྒྱག་ཐེངས་རེར།
རྡུལ་ཚུབ་ཚུབ་གྱི་ངའི་རི་གྲོང་།
འདར་སིག་སིག་གི་ངའི་སྙིང་ལ་མྱུལ།
ཙག་ཤད་ཡང་ཡང་རྒྱག་བཞིན་པའི་ངའི་སྙིང་ཁ།
ཁུ་སིམ་སིམ་གྱི་དམག་ལ་འཁྲུག་པའི་རི་གྲོང་ལ་འཐམ།
ངའི་རི་གྲོང་།   ངའི་སྙིང་ཁ།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།