བདག་གིས་གཏམ་རྒྱུད་ཅིག་དྲན་བྱུང་།

མཚན་མོར    མི་སྐྱེལ་གྲུ་གཟིངས་དག་གྲལ་དག་པོར་བསྒྲིགས་ཡོད
གཙང་བོའི་རབ་ངོགས་གཉིས་སུ་བསྟར་ལ་རྒྱུན་ཡོད་པས
ནམ་མཁའ་རུ་སྐར་ཚོགས་ཀྱི་མིག་ཆུ་ཁོ་ནས་བཀང
ཟླ་བའང་ནམ་ཚེས་སུ་ལ་གསལ    གཙང་བོའི་ཕལ་ངོགས
ཉིན་མཚན་གང་དུའང་དབྱེ་བ་མེད་པས
རབ་ངོགས་གཉིས་ནི་ཉིན་མཚན་གྱི་བར་ཐག་གིས་ཆོད་ཡོད

བརྙན་ཡོལ་དུ་བྲིས་པའི་འཇིག་རྟེན་ཆུང་ཆུང་ཞིག་ཏུ
རང་གིས་རང་ཉིད་ལ་གྲུ་ཆུང་རེ་བཟོས་ཆོག
ཉིན་མཚན་དུས་དྲུག་ལ་ཆུ་བོར་རང་དབང་གིས་བཏང་ཆོག
རང་གིས་རང་ཉིད་ལ་དམིགས་ཡུལ་ཞིག་བྲིས་ཆོག
གཙང་བོའི་ཚུར་རོལ་ནི་རང་ཉིད་གཅིག་པུར་དབང་བའི་འཇིག་རྟེན་ཡིན

ངོགས་གཉིས་སུ་ཉིན་མཚན་གྱིས་ཆོད་པས
བདག་གི་དམིགས་ཡུལ་དེ་འདྲ་ཆེ་མི་རུང
གཙང་བོའི་འགྲམ་གཉིས་སུ་མི་སྐྱེལ་གྲུ་གཟིངས་ཀྱིས་གང་འདུག
བདག་གིས་མི་ཞིག་གཙང་བོའི་ཕལ་ངོགས་སུ་སོང་བའི་གཏམ་རྒྱུད་ཐོས་མྱོང
དེ་ནི   ཡབ་ཆེན་གྱིས་བདག་ལ་བཤད་པ་འདྲ
བདག་གི་ཡབ་ཆེན་ཡང་ནུབ་མོ་ཞིག་ལ་ཕྱིར་ཡོང་མ་མཆིས
ཨ་མས     ཁྱེད་ཀྱིས་ཡབ་ཆེན་ནི་གཙང་བོར་གྲུ་གཏོང་དུ་སོང་བ་ཡིན་ཟེར
ང་རང་ནར་སོན་རྗེས་གཙང་བོར་ཤིན་ཏུ་སྐྲག

གཏམ་རྒྱུད་འདི་ཏག་ནི་དངོས་དོན་ཡིན་ནམ
དེའི་གཞུག་ནས    བདག་གིས་རང་ཉིད་ཀྱིས་བཟོས་པའི་ཤོག་གྲུ་ཞིག
སྙིམ་མཐིལ་དུ་ཡང་ཡང་བསྡམས་རྗེས
རང་ལ་ཁྱེད་ཉིད་ནི་བྱིས་པ་གྲུང་པོ་ཞིག་ཡིན་པས
གཙང་བོར་གྲུ་གཏོང་དུ་གཏན་ནས་འགྲོ་མི་རུང་ཞེས་ཡང་ཡང་བཤད་མྱོང
ཕལ་ཆེར་ཨ་མས་ཀྱང་བདག་ལ་དེ་ལྟར་གསུང་མྱོང་བ་འདྲ

མཚན་མོ་ཞིག་ལ
བདག་གིས་གཙང་བོའི་ངོགས་ཀྱི་མི་སྐྱེལ་གྲུ་གཟིངས་དག་མཐོང་མྱོང
སློབ་ཆུང་གི་སྐབས་སུ་དགེ་རྒན་གྱིས་ང་ཚོར་གྲུ་གཟིངས་ཞེས་པའི་སློབ་ཚན་ཞིག་ཁྲིད
དེའི་གཞུག་ནས་བདག་གིས་ཤོག་གྲུ་ཡང་ལྟེབས་མ་མྱོང
དཔེ་དེབ་ཀྱི་ངོས་སུ་གཙང་བོ་དང་གྲུ་གཟིངས་མཐོང་ཚེ
ང་རང་སློབ་གྲྭ་ལ་མི་ཞུགས་པའི་གནས་ལུགས་ཀྱང་ཨ་མར་ཐེངས་མང་ཞུས་མྱོང

མཚན་མོ་ཞིག་ཏུ་རྨི་ལམ་དུ་གྲུ་གཟིངས་ཤིག་རྨིས་མྱོང
གཞུག་ཏུ་བདག་གིས་ཁ་རོག་གེར
རང་ལ་དུས་གཏན་དུ་རྨི་ལམ་མི་འདུག་པའི་སྨོན་ལམ་ཡང་བཏབ་མྱོང
རྨི་ལམ་མི་འདུག་པའི་ཉི་མ་དག་ནི་བདག་གི་རང་དབང་གི་འཚོ་བ་ཡིན
དེ་རིང    སྤྱོད་ཁང་གི་གྱང་ངོས་སུ་བྱིས་པ་པྲ་ཆལ་ཞིག་གིས
གྲུ་གཟིངས་ཤིག་བྲིས་འདུག་པས་བདག་གིས་གཏམ་རྒྱུད་ཅིག་དྲན་བྱུང

བདག་གིས་བྱིས་པ་དེ་ལ་སློབ་གསོ་ཡང་ཡང་བྱས་མོད
བྱིས་པ་དེའི་ཁོ་རང་ཡང་གྲུ་གཟིངས་ལ་གཏན་ནས་མི་དགའ་གསུང་ཀྱང
ཁོ་བོས་དུས་རྒྱུན་ཤོག་གྲུ་མང་པོ་ལྟེབས་རྗེས
ཉི་ནུབ་དང་ས་སྲོད་ལ་མེ་རུ་སྒྲོན་གྱིན་ཡོད
ཁོ་བོས་དུས་རྒྱུན་གྱང་གོག་དང་སོ་ཕག་ཏུ་གྲུ་གཟིངས་རེ་བྲིས་ནས
མི་དག་ལ་དམོད་མོ་བྱེད་པར་སྐུལ་གྱིན་འདུག
མ་གཞི་བྱིས་དེས་ཀྱང་དེ་རིང་གཏམ་རྒྱུད་ཅིག་དྲན་བཞིན་ཡོད

བདག་གིས་བྱིས་པ་དེར་རང་ཉིད་ཀྱིས་གཏམ་རྒྱུད་ཅིག་བཤད་མོད
བྱིས་པ་དེས་མགོ་བོ་གཡུག་གཡུག་བྱེད་ཀྱིན
བདག་གིས་གཏམ་རྒྱུད་དེ་སྔ་མོ་ནས་ཐོས་མྱོང་ཟེར
རྟབ་རྟབ་པོར་བདག་གིས་བྱིས་པ་དེའི་ཁ་ཚུམས་པ་ཡིན
གཞུག་ནས་གཙང་བོ་དང་གྲུ་གཟིངས་མ་ལྟ་ཞེས་ཡང་ཡང་སྐུལ་མོད
བྱིས་པ་དེས་ཁོ་རང་གི་གཏམ་རྒྱུད་དེ་མི་བརྗེད་ཕྱིར
ཁོ་རང་རྨི་ལམ་རྨི་རྒྱུ་ལ་ཧ་ཅང་དགའ་བོ་ཡོད་རབ་ལབ

རྨི་ལམ་ལས
ཁོ་བོའི་ཁོང་ཁྲོ་དང་ང་རྒྱལ་བསྐྱེད་ཆོག་ཏེ
གཙང་བོ་དང་གྲུ་གཟིངས་ལ་དམོད་མོ་གཏོང་ཆོག
ད་དུང    གཙང་བོར་གྲུ་གཏོང་དུ་ཕྱིན་པ་དག་ཀྱང་མཐོང་ཐུབ
ནར་སོན་རྗེས་ཁོ་རང་ཡང་གཙང་བོར་གྲུ་གཏོང་དུ་འགྲོ་དགོས་ཟེར
བདག་གིས་ཡང་བསྐྱར་གཏམ་རྒྱུད་ཅིག་དྲན་བྱུང
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གིས་གཏམ་རྒྱུད་ཅིག་དྲན་བྱུང་།

2013-03-28 རྨེའུ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།