ཆུ་འཛིན་དཀར་པོ་ལགས།

སྐྱབས་ཆེན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-06


ཞོགས་པ་སྒེའུ་ཁུང་གི་ཟུར་ནས་ལྟ་སྐབས
ཆུ་འཛིན་དཀར་པོ་ངའི་རྒྱང་རིང་ནས་ཆས་ཏེ་ཡོང་བཞིན་འདུག
ལྷོ་བཞུད་ཀྱི་ཆུ་འཛིན་དཀར་པོས
ངའི་སྙན་ངག་གྱེར་འདོན་ཉན་གྱིན
ང་ལ་སེམས་ཀྱི་སྐད་ཆ་དམར་དམར་རྗེན་རྗེན་དུ་བཤད་བྱུང
ལས་དབང་ཞིག་གིས་རྐྱེན་གྱིས
སླར་ཡང་རྒྱང་རིང་ཡུལ་དུ་ལོག་སོང

ཉིན་མ་འདི་དག་གི་རང་ལ
ང་ལ་བདེ་སྐྱིད་ཀྱི་མྱོང་བ་དངོས་དེ་ཚོར་བྱུང
བདེ་སྐྱིད་ཟེར་བའི་ཐ་སྙད་གཉིས་པོ་དེ་ཡང་རྟོགས་བྱུང

ཁྱེད་ཕེབས་པའི་ཉིན་ནས
ངའི་སེམས་པ་འདི་ཅི་འདྲའི་གྲང་ཞིང་འཁྱགས་པ་ལའང
ཁང་བའི་ནང་གི་ཅ་དངོས་རྣམས་ཀྱང་སྐྱ་བོ་སྣུམ་ཞག་མེད་པར་གྱུར་སོང
ནམ་རྒྱུན་བརྙན་པའི་གླུ་གཞས་དེ་ཡང་རྣ་ལ་གཟན་པར་གྱུར་འདུག
ང་རང་ཁང་བའི་ནང་དུ་དབུགས་རིང་ཞིག་གཏོང་ཞོར
ཁྱེད་དང་གླེང་བའི་གསུང་སྙན་དག་ཡིད་ལ་འཁོར་གྱིན
དེའི་རྒྱབ་གྱི་ངོ་གདོང་དགོད་འཛུམ་ཅན་དེ་ཡང་མིག་མདུན་དུ་འཁོར་བྱུང

ཀྱེ་ཀྱེ་   ལྷོ་བཞུད་ཀྱི་ཆུ་འཛིན་དཀར་བོ་ལགས
ངེད་གཉིས་ནི་རྒྱང་རིང་དང་ཉེ་ས་གནས་ཡོད
ལྷོ་བཞུད་ཀྱི་ཆུ་འཛིན་དཀར་བོ་ལགས
ང་ཁྱེད་ཉིད་མདུན་དུ་ཅི་འདྲའི་བཅར་འདོད་ཨང
ཁྱེད་ཀྱི་འཛུང་ཞིང་དག་པའི་གསུང་སྙན་སེམས་ཀྱི་གཏིང་ནས་ཉན་འདོད་ཡ

ཡིན་ནའང  ངེད་གཉིས་ཀྱི་བར་ཐག་གཅོད་མཁན་ཡང་རླུང་དེར
བྱམས་སེམས་ཀྱིས་འཕྱོར་རྒྱན་མེད་པས
གཞན་ཕན་གྱིས་དབུལ་བས
སྒེར་སེམས་ཀྱི་རྩ་སྨྱོན་གྱིས་བཟུང་སྟེ
འུ་གཉིས་ཀྱི་རེ་སྨོན་རྡོག་རྫིས་སུ་གཏང་སོང

འོན་ཀྱང   ངེད་གཉིས་ཀྱི་བར་ཐག་གཅོད་པ་ནི་ཕྱི་ཚུལ་ཙམ་ཞིག་རེད
ངེད་གཉིས་ཀྱི་ཉེ་ས་ནི་ནམ་ཡང་གཅོད་པར་ནི་ནུས་པ་ཞིག་རེད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་འཛིན་དཀར་པོ་ལགས།

2013-03-06 སྐྱབས་ཆེན་ཚེ་རིང་། ཀློག་གྲངས། མཆན ཡོད།


ཞོགས་པ་སྒེའུ་ཁུང་གི་ཟུར་ནས་ལྟ་སྐབས
ཆུ་འཛིན་དཀར་པོ་ངའི་རྒྱང་རིང་ནས་ཆས་ཏེ་ཡོང་བཞིན་འདུག
ལྷོ་བཞུད་ཀྱི་ཆུ་འཛིན་དཀར་པོས
ངའི་སྙན་ངག་གྱེར་འདོན་ཉན་གྱིན
ང་ལ་སེམས་ཀྱི་སྐད་ཆ་དམར་དམར་རྗེན་རྗེན་དུ་བཤད་བྱུང
ལས་དབང་ཞིག་གིས་རྐྱེན་གྱིས
སླར་ཡང་རྒྱང་རིང་ཡུལ་དུ་ལོག་སོང

ཉིན་མ་འདི་དག་གི་རང་ལ
ང་ལ་བདེ་སྐྱིད་ཀྱི་མྱོང་བ་དངོས་དེ་ཚོར་བྱུང
བདེ་སྐྱིད་ཟེར་བའི་ཐ་སྙད་གཉིས་པོ་དེ་ཡང་རྟོགས་བྱུང

ཁྱེད་ཕེབས་པའི་ཉིན་ནས
ངའི་སེམས་པ་འདི་ཅི་འདྲའི་གྲང་ཞིང་འཁྱགས་པ་ལའང
ཁང་བའི་ནང་གི་ཅ་དངོས་རྣམས་ཀྱང་སྐྱ་བོ་སྣུམ་ཞག་མེད་པར་གྱུར་སོང
ནམ་རྒྱུན་བརྙན་པའི་གླུ་གཞས་དེ་ཡང་རྣ་ལ་གཟན་པར་གྱུར་འདུག
ང་རང་ཁང་བའི་ནང་དུ་དབུགས་རིང་ཞིག་གཏོང་ཞོར
ཁྱེད་དང་གླེང་བའི་གསུང་སྙན་དག་ཡིད་ལ་འཁོར་གྱིན
དེའི་རྒྱབ་གྱི་ངོ་གདོང་དགོད་འཛུམ་ཅན་དེ་ཡང་མིག་མདུན་དུ་འཁོར་བྱུང

ཀྱེ་ཀྱེ་   ལྷོ་བཞུད་ཀྱི་ཆུ་འཛིན་དཀར་བོ་ལགས
ངེད་གཉིས་ནི་རྒྱང་རིང་དང་ཉེ་ས་གནས་ཡོད
ལྷོ་བཞུད་ཀྱི་ཆུ་འཛིན་དཀར་བོ་ལགས
ང་ཁྱེད་ཉིད་མདུན་དུ་ཅི་འདྲའི་བཅར་འདོད་ཨང
ཁྱེད་ཀྱི་འཛུང་ཞིང་དག་པའི་གསུང་སྙན་སེམས་ཀྱི་གཏིང་ནས་ཉན་འདོད་ཡ

ཡིན་ནའང  ངེད་གཉིས་ཀྱི་བར་ཐག་གཅོད་མཁན་ཡང་རླུང་དེར
བྱམས་སེམས་ཀྱིས་འཕྱོར་རྒྱན་མེད་པས
གཞན་ཕན་གྱིས་དབུལ་བས
སྒེར་སེམས་ཀྱི་རྩ་སྨྱོན་གྱིས་བཟུང་སྟེ
འུ་གཉིས་ཀྱི་རེ་སྨོན་རྡོག་རྫིས་སུ་གཏང་སོང

འོན་ཀྱང   ངེད་གཉིས་ཀྱི་བར་ཐག་གཅོད་པ་ནི་ཕྱི་ཚུལ་ཙམ་ཞིག་རེད
ངེད་གཉིས་ཀྱི་ཉེ་ས་ནི་ནམ་ཡང་གཅོད་པར་ནི་ནུས་པ་ཞིག་རེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།