མཚན་དུས་ཀྱི་ལྡེབས་རིས།

ཉི་འོད་ཀྱི་འོད་སྣང་ཁ་སྤུབ་ཏུ་ཉལ་ཚེ
གློག་འོད་ཀྱི་རྣ་ལུང་གིས
རྐང་བང་རྐྱོང་སའི་ཁང་མིག་ནང་ཁ་དོག་གིས་ཚོན་རྩི་བྱུགས
དུས་ཚོད་ཀྱི་འདབ་ལོའི་སྟེང་གི་བསམ་གཞིག
དྲ་ཡོལ་གྱི་ཐ་གུ་དང་མཉམ་དུ་བསྡུ་འགོ་བརྩམས།
 
རྨི་ལམ་གྱི་གཤོག་པ་རྐྱོང་སའི་གྲོག་རོང་ནང
ཉིན་གཅིག་ལ་བསྡུ་གསོག་བྱས་པའི
དབུགས་རིང་གི་དྲི་མ་སྤུངས
 
དྲ་མིག་ཁ་དོག་གིས་བསླུས་པའི
སྒྲོག་ཏུ་མ་བཅུག་པའི་འབུ་སྲིན་ཚོ་ཡང
གོ་རིམ་དང་སྒྲིག་ལམ་ཅི་ཡང་མེད་པར
སུན་སྣང་གི་རོལ་དབྱངས་དཀྲོལ
 
བདག་གི་གྱང་ངོས་ཀྱི་ལྡེབས་རིས་སྟེང་གི
བྱ་གླག  ཆུ་བོ།  ངང་བ།  ལྗོན་ཤིང་དག
ངའི་འཆར་སྣང་གི་ཉེ་སར་བཅར་ནས
རོལ་དབྱངས་ཀྱི་ཁུ་བ་འཛགས་པས
འདྲེན་བྱེད་ཀྱིས་བཟོས་པའི་མཛེས་སྡུག་གི་སྐྱེད་ཚལ་ནང་
རོལ་དབྱངས་དང་མཉམ་དུ་རྣ་ཤེས་ཀྱི་དུ་བ་སྔོན་པོ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་དུས་ཀྱི་ལྡེབས་རིས།

2013-03-05 ལྗང་མྱུག ཀློག་གྲངས། མཆན ཡོད།

ཉི་འོད་ཀྱི་འོད་སྣང་ཁ་སྤུབ་ཏུ་ཉལ་ཚེ
གློག་འོད་ཀྱི་རྣ་ལུང་གིས
རྐང་བང་རྐྱོང་སའི་ཁང་མིག་ནང་ཁ་དོག་གིས་ཚོན་རྩི་བྱུགས
དུས་ཚོད་ཀྱི་འདབ་ལོའི་སྟེང་གི་བསམ་གཞིག
དྲ་ཡོལ་གྱི་ཐ་གུ་དང་མཉམ་དུ་བསྡུ་འགོ་བརྩམས།
 
རྨི་ལམ་གྱི་གཤོག་པ་རྐྱོང་སའི་གྲོག་རོང་ནང
ཉིན་གཅིག་ལ་བསྡུ་གསོག་བྱས་པའི
དབུགས་རིང་གི་དྲི་མ་སྤུངས
 
དྲ་མིག་ཁ་དོག་གིས་བསླུས་པའི
སྒྲོག་ཏུ་མ་བཅུག་པའི་འབུ་སྲིན་ཚོ་ཡང
གོ་རིམ་དང་སྒྲིག་ལམ་ཅི་ཡང་མེད་པར
སུན་སྣང་གི་རོལ་དབྱངས་དཀྲོལ
 
བདག་གི་གྱང་ངོས་ཀྱི་ལྡེབས་རིས་སྟེང་གི
བྱ་གླག  ཆུ་བོ།  ངང་བ།  ལྗོན་ཤིང་དག
ངའི་འཆར་སྣང་གི་ཉེ་སར་བཅར་ནས
རོལ་དབྱངས་ཀྱི་ཁུ་བ་འཛགས་པས
འདྲེན་བྱེད་ཀྱིས་བཟོས་པའི་མཛེས་སྡུག་གི་སྐྱེད་ཚལ་ནང་
རོལ་དབྱངས་དང་མཉམ་དུ་རྣ་ཤེས་ཀྱི་དུ་བ་སྔོན་པོ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།