ཆར་ཆུ་དེའི་ཕྱི་ནང་ཁྲོད་ཀྱི་ང་།

ངུ་ཞོད་ཆེ་བའི་སྤྲིན་པ་འདིའི་འོག་ན
ཅ་ཅོ་ཆེ་བའི་ཆུ་ཐིགས་ཀྱི་རོལ་དབྱངས
སེམས་པའི་ཕྱི་ནང་ལ་གཙང་སྦྲ་བྱས་པས
འོད་ཟེར་གྱིས་གྲོལ་བའི་རྨི་ལམ་གྱི་གཤོག་པ
ཆུ་ཐིགས་ཀྱི་ངུ་སྒྲ་དང་མཉམ་དུ་འཕུར་འགོ་བརྩམ
དེ་དུས ང་རང་གན་རྐྱལ་དུ་ཉལ་ནས
རྒྱང་རིང་གི་སེམས་པ་བསྲེགས་སའི་ཨི་ཁུང་དག
ལུང་བ་འདི་ནས་འཕྲད་སྲིད་པའི་སྐྱབས་འཇུག་ཞུས་ཡོད
ཡིན་ཡང རྨི་ལམ་གྱི་དག་ཞིང་ནས་སླུ་བྲིད་གཏོང་མཁན་གྱི་སྲས་མོ་དང
མིག་ཆུ་ཕུད་མཁན་གྱི་བུ་མོ་དེ་ཡང
སེམས་ལ་འབུས་པའི་ལོ་མ་དམར་བོ་དེ་བྱིན་ཆོག་གམ
སྟོང་བསམ་གྱིས་བཞེངས་པའི་ཚོར་བ་སྐྱུར་མོ་རེ་རེ
ངུར་སྒྲའི་རྒྱུད་ཐག་གི་ཁུག་ན
གཉིད་ཆོག་པའི་རྨི་ལམ་རིང་མོ་ཞིག་གི་ལྷུ་ལག་འཚོལ་བཞིན་ཡོད
ཕྱི་རོལ་གྱི་ཆབ་ཆུ་ཡི་རོལ་དབྱངས
སྡོང་ལོ་ཡི་དགོད་སྒྲ་ཤབ་ཤུབ
འཁྱག་བསིལ་བསིལ་གྱི་རླུང་བུས་དེད་ནས
ངའི་ཚོར་བའི་ཐང་ངོས་སུ་རྨི་ལམ་གྱི་རི་མོ་བྲིས
            ༢༠༡༢ ༨ ༡༧

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་ཆུ་དེའི་ཕྱི་ནང་ཁྲོད་ཀྱི་ང་།

2013-03-05 ལྗང་མྱུག ཀློག་གྲངས། མཆན ཡོད།

ངུ་ཞོད་ཆེ་བའི་སྤྲིན་པ་འདིའི་འོག་ན
ཅ་ཅོ་ཆེ་བའི་ཆུ་ཐིགས་ཀྱི་རོལ་དབྱངས
སེམས་པའི་ཕྱི་ནང་ལ་གཙང་སྦྲ་བྱས་པས
འོད་ཟེར་གྱིས་གྲོལ་བའི་རྨི་ལམ་གྱི་གཤོག་པ
ཆུ་ཐིགས་ཀྱི་ངུ་སྒྲ་དང་མཉམ་དུ་འཕུར་འགོ་བརྩམ
དེ་དུས ང་རང་གན་རྐྱལ་དུ་ཉལ་ནས
རྒྱང་རིང་གི་སེམས་པ་བསྲེགས་སའི་ཨི་ཁུང་དག
ལུང་བ་འདི་ནས་འཕྲད་སྲིད་པའི་སྐྱབས་འཇུག་ཞུས་ཡོད
ཡིན་ཡང རྨི་ལམ་གྱི་དག་ཞིང་ནས་སླུ་བྲིད་གཏོང་མཁན་གྱི་སྲས་མོ་དང
མིག་ཆུ་ཕུད་མཁན་གྱི་བུ་མོ་དེ་ཡང
སེམས་ལ་འབུས་པའི་ལོ་མ་དམར་བོ་དེ་བྱིན་ཆོག་གམ
སྟོང་བསམ་གྱིས་བཞེངས་པའི་ཚོར་བ་སྐྱུར་མོ་རེ་རེ
ངུར་སྒྲའི་རྒྱུད་ཐག་གི་ཁུག་ན
གཉིད་ཆོག་པའི་རྨི་ལམ་རིང་མོ་ཞིག་གི་ལྷུ་ལག་འཚོལ་བཞིན་ཡོད
ཕྱི་རོལ་གྱི་ཆབ་ཆུ་ཡི་རོལ་དབྱངས
སྡོང་ལོ་ཡི་དགོད་སྒྲ་ཤབ་ཤུབ
འཁྱག་བསིལ་བསིལ་གྱི་རླུང་བུས་དེད་ནས
ངའི་ཚོར་བའི་ཐང་ངོས་སུ་རྨི་ལམ་གྱི་རི་མོ་བྲིས
            ༢༠༡༢ ༨ ༡༧

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།