སྐྱོ་ལྷང་ལྷང་གི་མཛེས་ཚོར།
རླུང་བུ་འཇགས་སོང དོ་ནུབ་ཡང
མཚན་ལྗོངས་ནར་མོ་ངའི་ཁྲ་ཡོལ་སྲུབ་ཏུ་ལྷག་འདུག
ནུར་ཡོམ་ཡོམ་མཁའ་རུ་བགྲོད་པའི་ཇོ་ཇོ་ཟླ་བས
ལྷིང་འཇགས་ཀྱི་གཞིས་ཁྱིམ་འཚོལ་གྱིན
རང་དབང་གི་ལྷ་མོར་རེ་སྒུག་གི་གསོལ་ཆང་བཤམས་པ་ཨེ་ཡིན
མཚན་མོའི་ལྷིང་འཇགས་ནི
མི་ཡུལ་ན་ཆེས་བརྗིད་པའི་བསླུ་བྲིད་ཡིན་པས
ངས མིག་ཟུང་རིང་དུ་ཕྱེས་ཏེ་ཕྱི་ཡུལ་ལ་ཅེར
ཐོབ་ཡོང་བ་ནི་རང་ཉིད་ཀྱི་ནག་ཡོར་ཡོར་གྱི་གྲིབ་གཟུགས་དང
ཤོར་ཟིན་པ་ནི་རྨི་ལམ་གྱི་མཛེས་པ་དང་ཕྱིར་རྟོག་གི་རིན་ཐང་རེད
རེད་དེ
སྟོན་ཁའི་སེམས་པ་སྐྱུར་མོ་སྔར་བཞིན་ལྕི་ཡང
ཁྲ་ཡོལ་བར་གྱི་མཚན་ལྗོངས་ནར་མོས
བདག་ལ་ནམ་ཡང་སྐྱོ་ལྷང་ལྷང་གི་མཛེས་ཚོར་བསྐྲུན་འདུག
༢༠༡༢་༩་༢༩སྐྱེ་དགུ་ནས།
རྩོམ་ཁུངས། ངེད་དྲ་བ།