རྨི་ལམ་དང་འདྲ་བའི་རྨི་ལམ།


ལྷག་བསམ་གྱི་གངས་རི་བརྒལ་ནས།
ལྗང་མདོག་གི་མཚེར་ས་བསྐྱུར་ནས།
རྨི་ལམ་གྱི་ཁ་དོག་བོར་ནས།
འདི་ལྟར།   ང་རང་ཕ་རོལ་དུ་ཐོན་འདུག
 
གནམ་སྔོན་པོ་མིན་པའི་དེ་རིང་།
ས་དོག་མོ་མིན་པའི་དེ་རིང་།
མཇའ་དབུགས་འདྲ་བའི་ལྷིང་འཇགས་འདིས།
ངའི་འཇིག་རྟེན་ལ་ཟིང་ཆ་བསླངས་སོང་།
 
གངས་དཀར་པོ་མིན་པའི་དེ་རིང་།
བོད་མགོ་ནག་མིན་པའི་དེ་རིང་།
སྟོན་ལོ་འདྲ་བའི་རྨི་ལམ་སྐྱུར་མོས།
ངའི་མི་ཡུལ་ལ་ཁ་བ་ཕབ་སོང་།
 
སྐྱ་ཐིང་ཐིང་གི་ཕ་རོལ་ན།
འཁྱག་སིབ་སིབ་ཀྱི་ཕ་རོལ་ན།
གང་ཞིག་ལ་འཁྲུལ་བའི་རྣམ་ཤེས་གྲངས་མེད།
གང་ཞིག་ལ་ཆགས་པའི་རྣམ་ཤེས་གྲངས་མེད།
ཕྱིར་མིག་ལ་གཟི་མདངས་ཤོར་ཡང་།
ཚུར་རོལ་གྱི་ཉི་ཐིགས་དྲོ་བས།
ཆུ་ཆེན་ལ་འཇའ་ཟམ་བསྐྲུན་འདོད།
 
ཨ་མ་མ།
རྨི་ལམ་དང་འདྲ་བའི་རྨི་ལམ་དུ།
འདྲེ་རྒོད་ཀྱི་མཆེ་སྡེར་དེ་ངའི་ལག་པ་ཡིན་ལ།
སྲིན་པོ་ཡི་ཕོ་བྲང་དེ་ངའི་བྱང་ཁོག་མིན་ནམ།
 
ང་།   འདི་ལྟར་ཚུར་རོལ་ན་ཤི་འོས་ཀྱང་།
ང་།   དེ་ལྟར་ཕ་རོལ་ན་གསོན་འདུག
                          ༢༠༡༢་༧་༡༧་ཉིན་ཟི་ལིང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་དང་འདྲ་བའི་རྨི་ལམ།

2013-02-12 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།


ལྷག་བསམ་གྱི་གངས་རི་བརྒལ་ནས།
ལྗང་མདོག་གི་མཚེར་ས་བསྐྱུར་ནས།
རྨི་ལམ་གྱི་ཁ་དོག་བོར་ནས།
འདི་ལྟར།   ང་རང་ཕ་རོལ་དུ་ཐོན་འདུག
 
གནམ་སྔོན་པོ་མིན་པའི་དེ་རིང་།
ས་དོག་མོ་མིན་པའི་དེ་རིང་།
མཇའ་དབུགས་འདྲ་བའི་ལྷིང་འཇགས་འདིས།
ངའི་འཇིག་རྟེན་ལ་ཟིང་ཆ་བསླངས་སོང་།
 
གངས་དཀར་པོ་མིན་པའི་དེ་རིང་།
བོད་མགོ་ནག་མིན་པའི་དེ་རིང་།
སྟོན་ལོ་འདྲ་བའི་རྨི་ལམ་སྐྱུར་མོས།
ངའི་མི་ཡུལ་ལ་ཁ་བ་ཕབ་སོང་།
 
སྐྱ་ཐིང་ཐིང་གི་ཕ་རོལ་ན།
འཁྱག་སིབ་སིབ་ཀྱི་ཕ་རོལ་ན།
གང་ཞིག་ལ་འཁྲུལ་བའི་རྣམ་ཤེས་གྲངས་མེད།
གང་ཞིག་ལ་ཆགས་པའི་རྣམ་ཤེས་གྲངས་མེད།
ཕྱིར་མིག་ལ་གཟི་མདངས་ཤོར་ཡང་།
ཚུར་རོལ་གྱི་ཉི་ཐིགས་དྲོ་བས།
ཆུ་ཆེན་ལ་འཇའ་ཟམ་བསྐྲུན་འདོད།
 
ཨ་མ་མ།
རྨི་ལམ་དང་འདྲ་བའི་རྨི་ལམ་དུ།
འདྲེ་རྒོད་ཀྱི་མཆེ་སྡེར་དེ་ངའི་ལག་པ་ཡིན་ལ།
སྲིན་པོ་ཡི་ཕོ་བྲང་དེ་ངའི་བྱང་ཁོག་མིན་ནམ།
 
ང་།   འདི་ལྟར་ཚུར་རོལ་ན་ཤི་འོས་ཀྱང་།
ང་།   དེ་ལྟར་ཕ་རོལ་ན་གསོན་འདུག
                          ༢༠༡༢་༧་༡༧་ཉིན་ཟི་ལིང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།