འབུ་མེ་ལྕེབས།
དྲག་ཆར་གྱི་མདའ་མོས་གཤོག་པ་རལ་ནའང
རེ་བ་ཉག་གཅིག་གིས་མུན་པའི་ནགས་ཚལ་བརྒལ
ཕ་མཐའ་བྲལ་བའི་མུན་པའི་ཀློང
དྲག་རླུང་གི་རླབས་ཀྱིས་རྡོ་ཡི་འགྲམ་རུས་ཆག
ཨ་ཐང་ཆད་པ་ཁྱོས
འཁྱིམས་ཀྱིས་བསྐོར་བའི་མེ་ཡི་གོང་བུ་མཐོང
སྨག་རུམ་གྱི་བྲང་ཁོག་སྲེག་པའི་མེ་རྟ
མེ་རྟ་ནི་མེ་རྟ་ཙམ་མོ
ལྡིང་སྐོར་ཡང་ཡང་བྱས་རྗེས
འབུ་མེ་ལྕེབས་དེ་མེ་ཤིང་ཞིག་བྱེད་འདོད་བྱུང
ཧྲགས་ཧྲགས་འབར་བའི་མེ་ཤིང་ཞིག
ཨ་རིར། ༢༡།༡།༢༠༡༣
རྩོམ་ཁུངས། ངེད་དྲ་བ།