ང་ཚོར་ཀུ་རེ་མེད།
ལྷིང་འཇགས་ཀྱི་ཆོ་འཕྲུལ།
གར་སྟེགས་སུ་བུད།
ཟང་ཟིང་མི་ཡི་མཛེས་པ།
ཁད་ཀྱིས་དཀྲོགས་ཤིང་རྡུལ་དུ་བརླག
བཙན་འཛུམ་གྱི་སོ་ཕྲེང་།
བསམ་གཞིགས་ཀྱི་དུ་བས་བསྒྲིབས།
འགྱུར་སྐྱེན་པའི་ཁ་སང་།
ངུ་བྲོ་བའི་དེ་རིང་།
ང་ཚོར་ཀུ་རེ་མེད་ལ།
ང་ཚོར་གཏམ་རྒྱུད་མེད།
༢༠༡༢་༩་༢༤་ཡུལ་ཤུལ་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།