ཚོར་བ་སྐད་ཅིག་མ།
མཁའ་མཐའ་ནས་འཚེར་བའི་འོད་དཀར་རྡོག་པོ།
ཡང་སྙིང་སུ་ཞིག་གི་མིག་ལམ་ན་བཞད།
བཀྲགས་མདངས་ཡལ་བའི་མེ་ཏོག་དག་སྙིང་རེ་རྗེ།
ནམ་མཁའི་འཇའ་ཚོན་གྱི་གློག་གཞུ་སྐད་ཅིག་མ།
ཆེས་དབུལ་བའི་ཉམ་ཐག་གི་ཡིད་དུ་ཤར།
གྲོང་ཁྱེར་གྱི་འཚོ་བ་དགོད་རེ་བྲོ།
ཡུན་རིང་མཐོང་མ་མྱོང་བའི་མིག་མདའ།
ཏིང་འཛིན་ལ་ཞུགས་པའི་སྒོམ་པ་བར་ཕོག
ཐོབ་མི་སྲིད་པར་རེ་མཁན་གཉིས་འཁོས་རེ་ཆུང་།
༢༠༡༣༠༦༠༧གཟའ་བདུད་མགོ་དགུས་གནའ་མཁར་ཟི་ལིང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།