ཕྱིར་ཡོང་མེད་པའི་བདག་གི་རྔུལ་ཆུ།
ཚོར་བའི་རླབས་རྒྱུན་འགྲོགས་པའི
གསེར་གྱི་ལོ་མ་རེ་རེ
གཡུ་ལོ་བཀོད་པའི་ཞིང་ཁམས་ནས་བཏུས་ཏེ།
ཁྱོད་ལ་མ་ཕུལ་བའི་སྔ་རོལ་དུ།
བདག་གིས་གཏད་ཡོད་སའི་བདག་པོས་ཁྱེར་ནས།
རྟ་པོ་ནག་པོ་ལ་ཆས་ཏེལྷོ་ནུབ་མཚམས་སུ་ཆས།
བདག་དགའ་དྲགས་པའི་མིག་ཆུ་དང་།
སྐྱོ་དྲགས་པའི་སྒྲ་དབྱངས།
མཐའ་མི་མངོན་པའི་འཇིག་རྟེན་ལ་ཉུལ་བའི་རྗེས་ཤུལ།
སྤྱིར་ན་ཁྱོད་ནི་ཅི་ཡང་ཡིན་མི་སྲིད་མོད།
བདག་ལ་མཚོན་ན། སུས་ཀྱང་ཚབ་བྱེད་མི་ཐུབ་པའི
རྔུལ་ཆུས་བསྐྲུན་པའི་ཡིག་རུས་ཤིག
རྩོམ་ཁུངས། ངེད་དྲ་བ།