འཆར་ཤེལ་ངོས་ཀྱི་ཁྱོད།
ཉི་འོད་ཀྱིས་བསྲེག་པའི་རྣམ་ཤེས་ཀྱི
གཤོག་པ་ཆག་རོ
རླུང་གིས་དེད་དེ་མེ་ལོང་དུ་བཤམས
རྩིག་པ་ནག་པོ་དེའི
ཁ་གཏད་དུ་འགྲེང་བའི་འགྱིག་གི་བུ་མོ་ཞིག
ལུས་ཟུངས་ཁྱུར་མིད་བཏང་ནས
འཚོ་བའི་ཁ་རུ་གཡེང
འཆར་ཤེལ་ལས
ཐོབ་མ་ཐུབ་པའི་སྣང་བརྙན་ལ
མེ་ཏོག་རློན་པ་ཞིག་ལག་ཏུ་བཏུས་ནས
ཡོལ་ཟིན་པའི་ཁ་སང་ལ
འདི་ལྟར་རྒྱང་ལྟ་བྱས
༢༠༡༣ ༦ ༨ཉིན།
རྩོམ་ཁུངས། ངེད་དྲ་བ།