པཱ་ལགས། ཁྱེད་རང་གང་དུ་བཞུགས་ཡོད།

བྱ་རྒོད་ཀྱིས་ཕུང་པོ་ལྷག་མ་མེད་པར་བཟས་རྗེས་རྣམ་ཤེས་མཐོན་པོར་འཁྱེར་འགྲོ་ཟེར།
མི་ལོ་བདུན།ངས་མཐོ་སྒང་གི་གྲུ་ཟུར་ཞིག་ཏུ་ལངས་ཏེ་མཁའ་དབྱིངས་ལ་རྒྱང་ལྟ་བར་མེད་དུ་བྱས།
པཱ་ལགས།ཁྱེད་དཀར་འོད་ལམ་ལམ་དུ་འཕྲོ་བའི་སྐར་ཚོགས་ཀྱི་ཁྲོད་ན་ཡོད་དམ།
ཡང་ན་གསེར་འོད་ལྷམ་ལྷམ་དུ་འཕྲོ་བའི་མཚམས་སྤྲིན་གྱི་གསེང་ན་ཡོད།
གཅིག་བྱས་ན་ཁྱེད་ནི་འཁྱུགས་མ་ཐག་པའི་སྐར་བརྡ་དེ་ཡིན་ཡང་སྲིད།
ཚོད་བགམ་གྱི་སྨུག་ནག་ཁྲོད་ནས་ཁྱེད་རང་ད་དུང་ཡང་རྙེད་མ་བྱུང་།

ནམ་མཁའ་ལས་ཆར་པ་སིམ་སིམ་དུ་བབས།
ཆར་པ་བབས་རིམ་བཞིན་ངས་མིན་ཆུ་བར་མེད་གཏོང་བཞིན་ཡོད།
ཆར་པ་དེ་ཁྱེད་ཀྱི་མིག་ཆུ་ཡིན་ན་མིག་ཆུ་དེ་ངའི་ཆར་པ་ཡིན་སོང་།
        
རྣམ་ཤེས་ཐ་དག་མི་ཡུལ་ལས་ཁ་བྲལ་རྗེས་ལུས་རྟེན་གཞན་ཞིག་འཚོལ་དུ་འགྲོ་ཟེར།
མི་ལོ་བདུན།ངས་རི་ཀླུང་དང་སྒང་གཞོང་གང་སར་མྱུལ་ཏེ་སེམས་ཅན་མང་པོར་གསང་ལྟ་ལན་མེད་དུ་བྱས།
པཱ་ལགས།ཁྱེད་བག་ཡངས་སུ་རྒྱུ་བའི་རི་དགས་ཀྱི་ཁྲོད་ན་ཡོད་དམ།
ཡང་ན་ལྷོད་མེད་དུ་འཕུར་བའི་བྱེའུ་ཁྱུ་ཡི་གསེང་ན་ཡོད།
གཅིག་བྱས་ན་ཁྱེད་ནི་མདང་ནུབ་ཨ་མའི་ཐུལ་འོག་ལས་བཙས་པའི་བྱིས་པ་བསམ་མེད་དེ་ཡིན་ཡང་སྲིད།
འཆར་སྣང་གི་བར་སྣང་ཁམས་ནས་ཁྱེད་རང་ད་དུང་ཡང་རྙེད་མ་བྱུང་།
ཕྱོགས་བཞི་མཚམས་བརྒྱད་ནས་རླུང་བུ་ཞིག་དལ་གྱིས་ལྡང་།
རླུང་བུ་ལྡང་རིམ་བཞིན་ངས་སེམས་གཏམ་མ་ལུས་བརྗོད་ཀྱིན་ཡོད།
རླུང་བུ་དེ་ཨ་ཕའི་སྙིང་གཏམ་ཡིན་ན་སེམས་གཏམ་དེ་ངའི་རླུང་བུ་ཡིན་སོང་།

པཱ་ལགས།ངའི་རྨི་ལམ་ལ་དབུ་འཁྱུད་འབྲི་མཁན་དེ་ཁྱེད་ཡིན་ལ།
པཱ་ལགས།ངའི་མདུན་ལམ་ལ་རྡོ་གཅལ་འདིང་མཁན་དེའང་ཁྱེད་ཉིད་ཡིན།
རྨི་ལམ་དང་མདུན་ལམ་ལ་འཐམ་འཁྱུད་བྱེད་པའི་དེ་རིང་།
ངས་གནམ་ས་གང་རུང་ནས་ཁྱེད་རྙེད་ཐབས་ཡེ་ནས་མ་བྱུང་།

པཱ་ལགས།ཁྱེད་ནི་ངའི་མིག་ཟུང་གི་མདུན་ན་གཙང་མར་མཆེད་པའི་མཆོད་མེ་དེ་ཡིན་ལ།
པཱ་ལགས།ཁྱེད་ནི་ངའི་ཕུགས་བསམ་གྱི་སུག་འོག་ནས་འཐོར་གཞིགས་སུ་སོང་བའི་ལམ་བུ་དེའང་ཡིན།
ཕུགས་བསམ་དང་བདེ་སྐྱིད་ལ་འཐམ་འཁྱུད་བྱེད་པའི་དེ་རིང་།
ངས་རི་ཀླུང་ཡོད་ཚད་ནས་ཁྱེད་རྙེད་ཐབས་མ་བྱུང་།

པཱ་ལགས།ཁྱེད་ཡང་སྙིང་གང་དུ་བཞུགས་ཡོད་དམ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པཱ་ལགས། ཁྱེད་རང་གང་དུ་བཞུགས་ཡོད།

2013-08-07 བསེར་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།